འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་19ཉིན།

༄༅།།མཚོ་སྔོན་ཟི་ལིང་ནས་གཏན་འབེབས་ལས་འགལ་བའི་སྨན་བཅོས་དང་སྨན་རྫས་
སྒྲིག་གཞི་321ལ་ཞིབ་བཤེར་ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་19ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་གཏན་འབེབས་ལས་འགལ་བའི་སྨན་བཅོས་དང་སྨན་རྫས་སྒྲིག་གཞི་321ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
    འདི་ལོ་ནས་བཟུང་། སྨན་བཅོས་འགན་སྲུང་ཁྱབ་ཁོངས་སུ་སྨན་བཅོས་འགན་སྲུང་གི་ཐེབས་རྩ་མགོ་སྐོར་གཡོ་ལེན་བྱེད་པའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་ཆེད། ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཁྱོན་ཡོངས་ལ་ལྟ་སྐུལ་ཞིབ་བཤེར་དང་གཙོ་གནད་ཐོག་རྡུང་རྡེག་གཏོང་རྒྱུ་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་རིམ་པ་གཉིས་པ་དང་དེ་ཡན་གྱི་སྨན་བཅོས་སྒྲིག་གཞི་དང་། སྒྲུབ་གཉེར་སྒྲིག་གཞི། དེ་བཞིན་དམིགས་འཛུགས་ཀྱི་སྨན་རྫས་སིལ་ཚོང་ཁང་གིས་མིག་ཤེལ་ཚོང་ཁང་གི་ཚབ་བྱས་ནས་སྨན་བཅོས་འགན་སྲུང་གཱ་འབྲད་པའི་དམིགས་བསལ་གནད་དོན་ལ་དམིགས་ཏེ། གཙོ་གནད་ཐོག་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་བ་རེད།
   གཞན་ཡང་། ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ད་དུང་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སོགས་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་དེ་ཡོངས་སུ་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ཞིབ་བཤེར་བྱས་ཤིང་། ད་བར་གཏན་འབེབས་ལས་འགལ་བའི་དམིགས་འཛུགས་ཀྱི་སྨན་བཅོས་དང་སྨན་རྫས་སྒྲིག་གཞི་321ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། 305སྐོང་འདྲི་བྱས་པ། 27ལ་སྨན་བཅོས་འགན་ལེན་ཞབས་ཞུའི་རྩིས་རྒྱག་བྱེད་མཚམས་འཇོག་ཏུ་བཅུག་པ། 6གི་སྨན་བཅོས་འགན་ལེན་ཞབས་ཞུའི་ཐོབ་ཐང་མེད་པར་བཟོས་པ་རེད།