མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གཉིས་པར་ཞུགས་པ་
དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་19ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་17ཉིན་གྱི་དགོང་མོར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གཉིས་པ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཞལ་འཛོམས་ལ་ཞུགས་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་11ཚེས་17ཉིན་གྱི་དགོང་མོར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གཉིས་པ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཞལ་འཛོམས་ལ་ཞུགས་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ།

     འབོ་གསེར་རྒྱལ་ཁབ་ལྔ་ཡིས་ཕྱོགས་མང་རིང་ལུགས་དང་། མཐུན་སྒྲིལ་རོགས་ལས། སྒོ་དབྱེ་གསར་གཏོད། དམངས་འཚོ་སྔོན་འཇོག ལྗང་མདོག་ཐཱན་ཉུང་བཅས་མཐའ་འཁྱོངས་བྱས་ཏེ་ལྟ་རེས་སྐྱོང་རེས་ཀྱིས་མཉམ་དུ་རིམས་ནད་འགོག་པ་དང་ལག་གདང་སྦྲེལ་ནས་བློ་སེམས་གཅིག་མཐུན་གྱིས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་དགོང་མོར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གཉིས་པ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་རེད། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་གཙོ་སྐྱོང་གནང་བ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཕུའུ་ས། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་བཅས་ཕེབས་ཡོད་པ་རེད།
     ཞི་ཅིན་ཕིང་གིས《ལྟ་རེས་སྐྱོང་རེས་ཀྱིས་མཉམ་དུ་རིམས་ནད་འགོག་པ་དང་ལག་གདང་སྦྲེལ་ནས་བློ་སེམས་གཅིག་མཐུན་གྱིས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། ཞི་ཅིན་ཕིང་གིས་མིག་སྔར་དུས་རབས་ཀྱི་རིམས་ནད་དང་ལོ་བརྒྱའི་འགྱུར་ལྡོག་མཉམ་གནས་དང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་ལ་ལོ་བརྒྱའི་རིང་ཚབས་ཆེ་ཤོས་ཀྱི་འགོ་ནད་མཆེད་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་དུས་རབས་གོང་མའི་ལོ་རབས་30པར་ཉམས་རྒུད་ཆེན་པོ་བྱུང་ཚུན་གྱི་ཉམས་རྒུད་ཚབས་ཆེ་ཤོས་བརྒྱུད་བཞིན་ཡོད། དུས་སྐབས་གལ་ཆེན་འདིར་ཞལ་འཛོམས་བྱས་པ་དེར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོར་འགྱུར་ལྡོག་བྱུང་མེད་པ་དང་། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན་གྱི་དུས་རབས་ཀྱི་རླབས་རྒྱུན་ཡང་ལྡོག་ཕྱོགས་སུ་འགྱུར་མི་སྲིད་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་བསམ་བློ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
     གཅིག ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཕྱོགས་མང་དང་ཕྱོགས་རྐྱང་པ་དང་། དྲང་བདེན་དང་བཙན་ཤེད་བཅས་དབར་གྱི་འཐབ་རྩོད་ཀྱི་མདུན་དུ་འབོ་གསེར་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བཅས་བྱས་ཏེ་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། རང་ཉིད་ཀྱི་རྒྱལ་བབ་ལ་གཞིགས་ནས་གདམ་ག་བྱས་པའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་། དཔལ་འབྱོར་གྱི་རྣམ་པ། འཕེལ་རྒྱས་ཀྱི་འགྲོ་ལམ་སོགས་ལ་ཕན་ཚུན་བརྩི་འཇོག་བྱེད་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་གཏོང་བ་དང་། གྲོས་མོལ་དང་གླེང་མོལ་ལ་བརྟེན་ནས་འགལ་ཟླ་སེལ་བ་དང་། ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་པ། ཕྱོགས་རྐྱང་པའི་བཀག་སྡོམ་དང“ལག་རིང་བདག་སྤྲོད”ལ་ངོ་རྒོལ་བཅས་བྱས་ནས་ཞི་བདེ་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་མཉམ་དུ་བསྐྲུན་དགོས།
     གཉིས། མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ནས་རིམས་ནད་ཀྱི་འགྲན་སློང་ཁྱད་བསད་བྱེད་དགོས། རྒྱལ་སྤྱིའི་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགག་རྩའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་སྨན་ཁབ་མཁོ་བའི་འབོ་གསེར་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་འདོད་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྲོལ་རྒྱུན་གྱི་གསོ་རིག་བགྲོ་གླེང་ཚོགས་འདུ་འཚོགས་ནས་སྲོལ་རྒྱུན་གྱི་གསོ་རིག་གིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་ཀྱི་ནུས་པ་འཚོལ་ཞིབ་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། མཐུན་སྒྲིལ་བྱས་ནས་འགལ་ཟླ་སེལ་བ་དང་དཔྱོད་ཤེས་ཀྱི་ཐོག་ནས་ཕྱོགས་ཞེན་མེད་པ་བཟོས་ཏེ་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་རིམས་འགོག་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།
     གསུམ། སྒོ་དབྱེ་གསར་གཏོད་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་བྱེད་པ་དང་ཕྱོགས་གཞན་ཞིག་ནས་དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་དགོས། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་བརྒྱབ་ནས“མི་སྣ་དང་དངོས་ཟོག་རྒྱལ་མཚམས་ནས་སྒྲོལ་བའི་འཁོར་རྒྱུག་སྟབས་བདེ་ཅན་གྱི་གྲོས་འགོ”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་ངང་ཤར་བགྲོད་ཐུབ་རྒྱུར་འགན་ལེན་བྱེད་དགོས། རིམས་ནད་ཀྱི་གནས་ཚུལ“གོ་ལ་ཅན་དུ་འགྱུར་བའི”བྱེད་སྤྱོད་སྤེལ་ཚེ་མཐར་རྒྱལ་ཁབ་དེ་རང་དང་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་ལ་གནོད་འཚེ་ཕོག་སྲིད། བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གང་བྱུང་དུ་ཁ་གཡར་ནས་སྲུང་སྐྱོང་རིང་ལུགས་ཀྱི་བྱེད་སྤྱོད་སྤེལ་རྒྱུར་ངོ་རྒོལ་བྱེད་དགོས།
     བཞི། དམངས་འཚོ་སྔོན་འཇོག་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ》དོན་འཁྱོལ་བྱ་རྒྱུ་དེ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཀྱི་སྲོག་ཤིང་དུ་བརྩི་བ་དང་དབུལ་པོ་མེད་པ་བཟོ་རྒྱུ་དེ་དམིགས་ཚད་ཨང་དང་པོར་བརྩིས་ནས་ཐོན་ཁུངས་དེ་བས་མང་བ་དབུལ་པོ་ཉུང་གཏོང་དང་། སློབ་གསོ། འཕྲོད་བསྟེན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་སྤྱོད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ནས་དེ་བས་འདྲ་མཉམ་དང་དོ་སྙོམས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕེལ་རྒྱས་གྲུབ་འབྲས་ཀྱི་ཕན་པ་དེ་བས་མང་པོ་ཐོབ་པ་བྱེད་པ་དང་འབྲེལ་ཉམས་ཞན་ཚོགས་སྤྱིའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས།
     ལྔ། ལྗང་མདོག་ཐཱན་ཉུང་མཐའ་འཁྱོངས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》དོན་འཁྱོལ་ཡག་པོ་བྱེད་པ་དང་། ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་ནན་པོ་བསྲུངས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་དེ་བས་མང་བ་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཀྱི་རང་རྟེན་ལེགས་སྐྱེས་འབུལ་བའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་དེ་བས་ནུས་ལྡན་གྱི་སྲིད་ཇུས་དང་བྱ་ཐབས་སྤྱད་དེ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2030ལོའི་གོང་དུ་བར་ཁྱད་མཐོ་ཤོས་སུ་སླེབས་རྒྱུར་བརྩོན་ལེན་བྱས་ཏེ2060ལོའི་གོང་དུ་ཐཱན་སྙོམས་པོ་མངོན་འགྱུར་བརྩོན་ལེན་ཧུར་ཐག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ང་ཚོས་ཁ་བཤད་ལག་བསྟར་ཐུབ་པ་བྱ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དེ་ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན། ཀྲུང་གོས་སྒོ་འབྱེད་ཀྱི་རྒྱལ་སྒོ་རྒྱག་མི་སྲིད་པར་སྒོ་མོ་འབྱེད་རྒྱ་དེ་བས་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོས་དེ་བས་ཧུར་ཐག་ངང་གོ་ལ་ཧྲིལ་པོའི་ཁྲོམ་རར་ཞུགས་པ་དང་དེ་བས་རང་འགུལ་ངང་ཕྱི་ཕྱོགས་མཉམ་ལས་ཟབ་ཏུ་བཏང་སྟེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཡོང་བར་གོ་སྐབས་དང་བར་མཐོངས་དེ་བས་མང་པོ་བསྐྲུན་རྒྱུ་ཡིན།
     མཇུག་ཏུ་ཞི་ཅིན་ཕིང་གིས། ང་ཚོ་ཚང་མ་གྲུ་གཟིངས་གཅིག་གི་ཐོག་ཏུ་ཡོད། རླུང་རླབས་ཆེ་བའི་དུས་སུ་ང་ཚོས་དེ་བས་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་དང་དལ་ལྷོད་འཚམ་པོ་ཡོང་བ་བྱས་ནས་མཐུན་སྒྲིལ་མཉམ་ལས་དང་། རླུང་རྟེན་རླབས་གཤགས། བརྟན་པོའི་ངང་མདུན་སྐྱོད་བཅས་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།
     རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣས“འབོ་གསེར་གྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོ་བརྟན་ལྷིང་དང་། ཐུན་མོང་བདེ་འཇགས། གསར་གཏོད་གསར་འཕར་བཅས་ལ་སྐུལ་འདེད་གཏོང་རྒྱུའི”བརྗོད་དོན་གཙོ་བོར་དམིགས་ནས་རིམས་འགོག་མཉམ་ལས་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་དང་། འབོ་གསེར་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་བཀོད་ནས་འབོ་གསེར་མཉམ་ལས་དང་མིག་སྔའི་རྒྱལ་སྤྱིའི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་པ་བརྒྱུད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད།
     ཞལ་འཛོམས་ཐོག《འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གཉིས་པའི་མོ་སི་ཁོའི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད། 

ཟླ་11ཚེས་17ཉིན་གྱི་དགོང་མོར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གཉིས་པ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཞལ་འཛོམས་ལ་ཞུགས་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ།
ཟླ་11ཚེས་17ཉིན་གྱི་དགོང་མོར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གཉིས་པ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཞལ་འཛོམས་ལ་ཞུགས་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ།

  
style="display:none;"