འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་19ཉིན།

༄༅༎ཡུན་ནན་གྱིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་1833.74བསྡུ་སྒྲིལ་བྱས་ཏེ་དབུལ་སྒྲོལ་
འགག་སྒྲོལ་གྱི་སྤུས་ཚད་མཐོར་གཏོང་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་19ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་སྔ་སྣུར་དུ་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་ཞིང་ཆེན་རིམ་པའི་འབྱུང་རྩ་ནས་བསྡུ་སྒྲིལ་བྱས་ཏེ་ཞིང་ཆེན་རིམ་པའི་ནོར་སྲིད་ཆེད་དོན་དབུལ་སྐྱོར་མ་དངུལ་གྱི་སྤྱི་འདོམས་མ་འཇོག་ལམ་སྲོལ་བཙུགས་པ་དང་། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གྱིས་བགོ་འགྲེམ་གཤམ་སྤྲོད་ལམ་སྲོལ་བཙུགས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། 2016ལོ་ནས་2020ལོའི་ཟླ་10པའི་ཟླ་མཇུག་བར། ཀྲུང་དབྱང་དང་ཞིང་ཆེན་རིམ་པས་རིམ་རྩིས་བྱས་ན་རྫོང་དབུལ་པོ་88ལ་བསྡུ་སྒྲིལ་བྱས་པའི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་1833.74བཏང་ཡོད་པ་རེད།
     ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་ལས་རྫོང་དབུལ་པོའི་སྤྱི་འདོམས་མ་དངུལ་གྱི་ནུས་པ་ཆེ་རུ་ཕྱིན་པ་དང་རྫོང་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་ཁ་ཐང་བའི་རྣམ་པ་ཞི་ལྷོད་དུ་ནུས་ལྡན་སོང་ཡོད། གྲོང་གསེབ་ཀྱི་ཆུ་བེད་དང་། གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་ཐད་གཙོ་གནད་རྒྱབ་སྐྱོར་བྱས་ཏེ་དུད་ཚང་དབུལ་པོ་ཁྲི་130ཡི་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་དང་། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཡོངས་རྫོགས་ཐག་གཅོད་ཐུབ་པ་དང་། མང་ཚོགས་ཀྱི་ཕྱིར་སྐྱོད་དཀའ་བའི་གནད་དོན་ཡང་ཐག་གཅོད་ནུས་ལྡན་ཐུབ་ཡོད།