འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་18ཉིན།

༄༅།།མཚོ་བོད་མཐོ་སྒང་གི་ཉ་རིགས་ཐད་ཀྱི་ཞིབ་འཇུག་ལ་གྲུབ་འབྲས་གསར་པ་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་18ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
མཚོ་བོད་མཐོ་སྒང་གི་གྲོད་གས་ཕལ་ཚན་ཉ་རིགས་ཡིན།
མཚོ་བོད་མཐོ་སྒང་གི་གྲོད་གས་ཕལ་ཚན་ཉ་རིགས་ཡིན། 
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་ཡིས་འགན་འཁུར་བའི“མཚོ་བོད་མཐོ་སྒང་གི་ཉ་རིགས་ཀྱི་རིགས་རྒྱུད་གྲུབ་ཚུལ་དང་འཕེལ་འགྱུར་ཞིབ་འཇུག”རྣམ་གྲངས་ཀྱི་གྲུབ་འབྲས་ལ་དཔྱད་བརྗོད་སྤེལ་བ་རེད། ཕྱི་རོལ་ཡུལ་དུ་རྟོག་ཞིབ་བྱས་པ་བརྒྱུད། ཐེངས་དང་པོར་མཚོ་བོད་མཐོ་སྒང་གི་འཁྱགས་རོམ་མཚེའི་ཁྲོད་ནས་ཁོངས་གཅིག་པའི་སྐྱེ་དངོས་རིགས་གྲུབ་པའི་དཔེ་ཞིག་རྙེད་ཡོད་ཅིང་། ཁོངས་གཅིག་པའི་སྐྱེ་དངོས་རིགས་གྲུབ་ཚུལ་གྱི་གཞུང་ལུགས་གསལ་འབྱེད་ལ་བདེན་དཔང་གསར་པ་མཁོ་འདོན་བྱས་ཡོད། 
   རྣམ་གྲངས་དེས་མ་ལག་ལྡན་པའི་སྒོ་ནས་མཚོ་བོད་མཐོ་སྒང་གི་ཆུ་ཆེ་ཆུང་ཁག་གི་ཉ་རིགས་70ལྷག་ལ་རྟོག་ཞིབ་བྱས་པ་དང་། གཞི་རྩའི་ཆ་ནས་མཚོ་བོད་མཐོ་སྒང་གི་ཉ་རིགས་ཀྱི་ལེགས་ཆའི་རིགས་ཚོགས་དང་ས་ཁོངས་གལ་ཆེན་འདུས་ཤིང་། གཟུགས་གཞི་རིག་པ་དང་། སྐྱེ་ཁམས་རིག་པ། ཆ་རྡུལ་མ་ལག་རིག་པ། གཞི་རྒྱུའི་གྲུབ་ཆ་རིག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞིབ་འཇུག་བྱས་ནས་མཐོ་སྒང་གི་ཉ་རིགས་ཀྱི་རིགས་འགྱུར་འཕེལ་རིམ་དང་སྣ་མང་རང་བཞིན་གྱི་ངོས་ཟིན་སྔར་ལས་ཇེ་ཆེར་བཏང་ཡོད།  
མཚོ་བོད་མཐོ་སྒང་ལ་ཆུ་སྣ་མང་དུ་འདུས་ཡོད་པར་ཉ་རིགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཚབ་མཚོན་རང་བཞིན་ལྡན་པའི་མཐོ་སྒང་གི་སྐྱེ་དངོས་རིགས་ཚོགས་གྲས་ཤིག་ཡིན། མཐོ་སྒང་ཉ་རིགས་ཀྱི་སྣ་མང་རང་བཞིན་དང་དེ་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་ལ་འཕྲོད་ཚད་བར་འབྲེལ་བ་ཟབ་མོ་ལྡན་ཡོད།
    རྣམ་གྲངས་དེས་མཚོ་བོད་མཐོ་སྒང་གི་ཉ་རིགས་ཀྱི་གྲུབ་ཚུལ་དང་འཕེལ་འགྱུར་ལ་ཞིབ་འཇུག་བྱས་པ་བརྒྱུད། མཚོ་བོད་མཐོའི་སྒང་གི་ཉ་རིགས་གྲུབ་པའི་རྣམ་པ་གཙོ་བོ་དེ་ལོགས་སུ་དབྱེ་ནས་ཁག་བགོས་ཡོད་པ་བཤད་པ་དང་། ཞིབ་འཇུག་ཞིབ་ཚགས་ཀྱི་སྒོ་ནས་མཐོ་སྒང་ཉ་རིགས་ཀྱི་སྐྱེ་དངོས་རིགས་དབྱེ་ཕྲལ་གྱི་ཆ་རྡུལ་སྣོད་བཅུད་རིག་པའི་ལམ་སྲོལ་རྒྱས་བཤད་བྱས་པ་དང་། མཐོ་སྒང་གི་ཉ་རིགས་སྣ་མང་རང་བཞིན་རིམ་འགྱུར་གྱི་བརྒྱུད་རིམ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། 
    གོང་དུ་བརྗོད་པ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་མཐོ་སྒང་ཉ་རིགས་ཀྱི་རིགས་དབྱེ་བའི་མ་ལག་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་བཏོན་པ་དང་། གྲོད་གས་ཉ་རིགས་དང་སྦྲུལ་ཉ་གཏོགས་རིགས་ཀྱི་ཉ་རིགས་གཉིས་ལ་མིང་གསར་པ་བཏགས་ཡོད་ལ། མཐོ་སྒང་ཉ་རིགས་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་བསྐྲུན་ནས་མཚོ་བོད་མཐོ་སྒང་གི་ཉ་རིགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་ངོས་འཛིན་དང་སྲུང་སྐྱོང་བྱ་རྒྱུར་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/GB/15830135.html) 
མཚོ་བོད་མཐོ་སྒང་གི་སྦྲུལ་ཉ་ལ་གཏོགས་པའི་ཉ་རིགས།
མཚོ་བོད་མཐོ་སྒང་གི་སྦྲུལ་ཉ་ལ་གཏོགས་པའི་ཉ་རིགས།