འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་16ཉིན།

༄༅།།ཨེ་ཅིབ་ཀྱི་ས་འོག་ནས་ད་བར་ལོ་ངོ་2500ལྷག་སོང་བའི་ཚོན་ལྡན་ཤིང་གི་དུར་སྒམ་100
བསྔོགས་ཐོན་བྱུང་བ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་16ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨེ་ཅིབ་ཀྱི་ས་འོག་ནས་ད་བར་ལོ་ངོ་2500ལྷག་སོང་བའི་ཚོན་ལྡན་ཤིང་གི་དུར་སྒམ་100
བསྔོགས་ཐོན་བྱུང་བ།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་11ཚེས་14ཉིན། ཨེ་ཅིབ་ཡུལ་སྐོར་དང་རིག་དངོས་པུའུ་ཡི་པུའུ་ཀྲང་ཧ་ལི་ཏེ་ཨ་ནཱ་ནིང་གིས་ཁྱབ་བསྒྲགས་བྱས་དོན། ཅི་ས་ཞིང་ཆེན་སའེ་ཅ་ལ་ས་ཁུལ་ནས་ད་བར་ལོ་ངོ་2500ལྷག་ཙམ་སོང་བའི་ཚོན་ལྡན་ཤིང་གི་དུར་སྒམ་100བསྔོགས་ཐོན་བྱུང་ཤིང་། དེ་ནི་ཨེ་ཅིབ་ཀྱིས་ལོ་འཁོར་འདིའི་གནའ་རྫས་རྟོག་ཞིབ་ཐད་ཀྱི་གསར་རྙེད་ཆེ་ཤོས་དེ་རེད་ཟེར།
   ཨ་ནཱ་ནིང་གིས་གནའ་རྫས་རྟོག་ཞིབ་ཡུལ་དངོས་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས། ཤིང་གི་དུར་སྒམ་ཉར་ཚགས་ཡག་པོ་བྱུང་བ་དང་དུས་མཚུངས་སུ་ད་དུང་ངོ་འབག་དངབརྐོས་བརྙན་སོགས་རིག་དངོས་40ཙམ་བསྔོགས་ཐུབ་བྱུང་ལ། ད་དུང་སྔོགས་འདོན་བྱེད་བཞིན་ཡོད། བསྔོགས་ཐོན་བྱུང་བའི་རིག་དངོས་དག་བསྟུད་མར་ཨེ་ཅིབ་རིག་དངོས་རྟེན་རྫས་བཤམས་སྟོན་ཁང་དང་ཨེ་ཅིབ་རྟེན་རྫས་བཤམས་མཛོད་ཁང་ཆེན་པོའི་ནང་དུ་འགྲེམས་སྟོན་བྱ་རྒྱུ་ཡིན་ཞེས་བཤད།
   གནའ་རྫས་དཔྱད་ཞིབ་མཁས་པ་ཚོས་ཡུལ་དངོས་ནས་ཤིང་གི་དུར་སྒམ་གཅིག་ཁ་ཕྱེ་བ་དང་འབྲེལ་དེའི་ནང་གི་རོ་སྐམ་ལ་Xའོད་ཀྱིས་བཤར་འབེབས་བྱས་ཤིང་། ཐོག་མའི་ཞིབ་བཤེར་འབྲས་བུ་ལས་རོ་སྐམ་དེ་ནི་སྐྱེས་པ་ཞིག་ཡིན་པ་དང་། ལོ་40ནས་45བར་ཡིན་པ། གཟུགས་པོའི་མཐོ་ཚད་ནི་ལི་སྨི་165ནས་175བར་ཡོད་པ། ། ལག་པ་གཉིས་སྣོལ་ནས་བྲང་ཁར་བཞག་ཡོད་པ་མངོན་ཡོད་པ་རེད།
   ཨེ་ཅིབ་ཆེས་མཐོའི་རིག་དངོས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་མུའུ་སི་ཐཱ་ཧྥ་ཝ་ཆི་ལི་ཡིས་གསར་འགོད་པ་ལ་ངོ་སྤྲོད་བྱས་དོན། ཤིང་གི་དུར་སྒམ་གྱི་རྒྱན་རིས་དང་རྒྱུ་ཆ། དེ་བཞིན་དུ་རོ་སྐམ་བཟོ་སྟངས་སོགས་ནས་བལྟས་ན། ཤིང་གི་དུར་སྒམ་དེ་ནི་སྐབས་དེའི་མཐོ་རིམ་དཔོན་པོའམ་སྐུ་དྲག་རིམ་པ་ཞིག་གི་ཡིན་པ་རིགས་འདེད་བརྡ་གཅོད་རགས་ཙམ་བྱེད་ཆོག་ཟེར།
   ཝ་ཆི་ལ་ཡིས་ཐེངས་འདིའི་གནའ་རྫས་དཔྱད་ཞིབ་བྱས་འབྲས་དེ་ནི་དོན་སྙིང་གལ་ཆེ་ལྡན་པ་ཡིན་ཞིང་། སྐབས་དེའི་འདས་མཆོད་ལུགས་སྲོལ་སྔར་ལས་ལྷག་པར་ཤེས་རྟོགས་བྱེད་པ་དང་། རོ་སྐམ་བཟོ་སྟངས་ཀྱི་ལག་རྩལ་ལ་ངོས་འཛིན་འཐུས་ཚང་ཡོང་བར་ཕན་ཐོགས་ཡོད་ཅེས་བཤད་པ་རེད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15829861.html) 
【1】  【2】
༄༅།།ཨེ་ཅིབ་ཀྱི་ས་འོག་ནས་ད་བར་ལོ་ངོ་2500ལྷག་སོང་བའི་ཚོན་ལྡན་ཤིང་གི་དུར་སྒམ་100
བསྔོགས་ཐོན་བྱུང་བ།