མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོ་ཁྲིམས་སྐྱོང་རྒྱལ་སྤྱིའི་གླེང་སྟེགས(2020)ལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་15ཉིན། 17:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཁྲིམས་སྐྱོང་རྒྱལ་སྤྱིའི་གླེང་སྟེགས(2020)འཚོག་ལ་ཉེ་བའི་སྐབས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་ཁྲིམས་སྐྱོང་ཚོང་གཉེར་གྱི་ཁོར་ཡུག་ཡག་པོ་ཞིག་དགོས། ཀྲུང་གོས་སྒོ་དབྱེ་བསྟུན་མཁས་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཁག་དང་མཉམ་དུ་རྒྱལ་སྤྱིའི་ཁྲིམས་སྐྱོང་མཉམ་ལས་ཧུར་ཐག་བྱས་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཛུགས་སྐྲུན་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་རྒྱབ་སྐྱོར་བྱེད་འདོད་ཡོད།
     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་རིགས་ཀྱི་གྲོགས་པོ་ཀྲུང་གོ་ཁྲིམས་སྐྱོང་རྒྱལ་སྤྱིའི་གླེང་སྟེགས(2020)ལ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཚང་མས“ཏོག་གསར་གློ་ཚད་རིམས་ནད་ཀྱི་རྒྱབ་ལྗོངས་འོག་རྒྱལ་སྤྱིའི་ཁྲིམས་སྐྱོང་མཉམ་ལས”ལ་དམིགས་ནས་སྤེལ་རེས་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ཏེ། ཁྲིམས་སྐྱོང་གི་བྱེད་ཐབས་བརྒྱུད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་ནུས་ལྡན་ངང་གཅོག་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

  
style="display:none;"