མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་དམག་ཨུད་ཀྱིས《ཀྲུང་གོ་མི་དམངས་
བཅིངས་འགྲོལ་དམག་གི་མཉམ་འབྲེལ་དམག་འཐབ་རྩ་གནད(ཚོད་ལྟའི་ལག་བསྟར)》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་15ཉིན། 17:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུད་ཀྱིས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཉམ་འབྲེལ་དམག་འཐབ་རྩ་གནད(ཚོད་ལྟའི་ལག་བསྟར)》བཀྲམ་ཏེ། 2020ལོའི་ཟླ་11ཚེས་7ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།
     《རྩ་གནད》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཕྱོགས་ཡོངས་ནས་བསྐྲུན་པར་དམིགས་པ། མཉམ་འབྲེལ་དམག་འཐབ་ཀྱི་ཁྲིམས་སྲོལ་མ་ལག་འཛུགས་པར་དམིགས་པ། གཞི་རྩའི་ཐ་སྙད་བཟོ་བ། གཞི་རྩའི་ལམ་ལུགས་གཏན་འཁེལ་བྱེད་པ། གཞི་རྩའི་འགན་དབང་ཁ་གསལ་བཟོ་བ། ལམ་ལུགས་ཀྱི་རིམ་ངོས་ནས་འབྱུང་འགྱུར་དུ“དམག་འཐབ་ཇི་འདྲ་ཞིག་རྒྱག་པ་དང་དམག་འཐབ་ཇི་ལྟར་རྒྱག་པའི”གནད་དོན་གལ་ཆེན་ལ་ལན་འདེབས་པ། དམག་རྒྱག་དམག་གྲབས་ཀྱི་སྟོན་ཕྱོགས་ཁ་གསལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགོ་ཁྲིད་ཀྱི་བཀོད་འདོམས་སྒྲིག་སྲོལ་དང་། གཞི་ཁྱོན་གྱི་གྲུབ་ཚུལ། སྟོབས་ཤུགས་ཀྱི་སྒྲིག་ཁོངས་བཅས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། རང་དམག་གི་མཉམ་འབྲེལ་དམག་འཐབ་བྱེད་ནུས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
     《རྩ་གནད》ནི་རང་དམག་གི་དུས་རབས་གསར་པའི་དམག་འཐབ་ཀྱི་བཀའ་བཅད་མ་ལག་གི་རྩེ་རིམ་ཁྲིམས་སྲོལ་ཞིག་ཡིན་པས། དེའི་ནང་མཛུབ་ཁྲིད་རང་བཞིན་དང་། བསམ་གཞིག་རང་བཞིན། རྩ་དོན་རང་བཞིན་བཅས་དམིགས་སུ་བཀར་ནས་ནན་བཤད་བྱས་ཏེ། གཞིས་ཆུང་གི་མཛུབ་ཁྲིད་ཐད་རྩ་གནད་གནས་བསྡུས་སྤྱི་ཡོངས་ཚད་ལྡན་བཟོ་བ་དང་། མཉམ་འབྲེལ་དམག་འཐབ་སྒྲིག་འཛུགས་དང་ལག་བསྟར་བྱེད་པའི་གཞི་རྩའི་གནད་དོན། དམག་འཐབ་ཀྱི་བསམ་བློ་གཅིག་གྱུར་དང་། དབང་འགན་གོ་རིམ་གསལ་བཟོ། དམག་འཐབ་བྱ་སྤྱོད་ལ་མཛུབ་ཁྲིད་བཅས་བྱ་རྒྱུ་གལ་ཆེར་འཛིན་ཏེ་རང་དམག་གིས་མཉམ་འབྲེལ་དམག་འཐབ་བྱེད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ནས་རྒྱུན་འཛིན་དང་གསར་གཏོད་དང་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དགེ་མཚན་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་དང་སྙིང་བསྡུས་དང་། སྤྱི་ཡོངས་ཀྱི་སྒྲོམ་གཞི་འཛུགས་པ། ནང་དོན་བཀོད་སྒྲིག་བྱེད་པ། མཉམ་འབྲེལ་དམག་འཐབ་བཀོད་འདོམས་དང་། དམག་འཐབ་བྱ་སྤྱོད། དམག་འཐབ་འགན་ལེན། རྒྱལ་སྲུང་སྐུལ་སློང་། ཆབ་སྲིད་ལས་དོན་སོགས་རྩ་དོན་དང་། བླང་བྱ། གཞི་རྩའི་གོ་རིམ་བཅས་ཁ་གསལ་བཟོས་ཡོད།
     ཀྲུང་དབྱང་དམག་ཨུད་ཀྱིས། རིམ་པ་ཁག་གིས《རྩ་གནད》སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དམ་འཛིན་ནན་ཏན་བྱས་ཏེ་དམག་འཐབ་ནུས་པ་ཞེས་པའི་རྩ་བའི་ཚད་གཞི་ཉག་ཅིག་འདི་མཐའ་འཁྱོངས་བྱས་ནས《རྩ་གནད》མཉམ་འབྲེལ་དམག་འཐབ་དང་མཉམ་འབྲེལ་སྦྱོང་བརྡར་སྒྲིག་འཛུཌ་དང་ལག་བསྟར་བྱེད་པ་གཞི་འཛིན་སར་བརྩིས་ཏེ་དུས་རབས་གསར་པར་རྒྱལ་ཁ་ལེན་པའི་ནུས་པ་ཕྱོཌ་ཡོངས་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

  
style="display:none;"