མི་དམངས་དྲ་བ།

༄༅༎ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་14ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་12ཉིན་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཧྲང་ཧའེ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ།

ཟླ་11ཚེས་12ཉིན་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཧྲང་ཧའེ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ།

     ■ ལོ་ངོ་30ཡི་རིང་ཕུའུ་ཏུང་གསར་སྤེལ་སྒོ་དབྱེར་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆར་གསོན་ཉམས་ལྡན་པའི་དཔང་པོ་བྱས་པ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཆེས་གསོན་ཉམས་ལྡན་པའི་ལག་ལེན་གྱི་དཔེ་མཚོན་མཁོ་འདོན་བྱས་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྲུབ་པའི་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ནི་རྦད་དེ་ཡང་དག་པ་ཞིག་དང་། སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ། སྒྱུར་བཅོས་འཕེལ་རྒྱས་ཐད་ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་ང་ཚོའི་འབད་འཐབ་དམིགས་ཚད་དུ་བྱེད་པ། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གཏོད་དགོས་པ་བཅས་ལག་ལེན་གྱི་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་སྔ་དྲོ་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཧྲང་ཧའེ་གྲོང་ཁྱེར་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཞབས་འདེགས་ཞུ་བ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འགན་འཁྲི་ཆེ་ཤོས་འཁུར་ཕོད་པ་དང་མཁྲེགས་སར་གཏུག་ཕོད་པ་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་སྒྱུར་བཅོས་སྒོ་དབྱེའི་ལམ་འབྱེད་གདོང་ལེན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་དམག “གདེང་ཚོད་བཞི”ལག་བསྟར་གྱི་མིག་དཔེ་བ་བཅས་བྱས་ཏེ་འཛམ་གླིང་ལ་ཀྲུང་གོའི་འདུ་ཤེས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་འགྲོ་ལམ་བཅས་དེ་བས་ལེགས་པའི་སྒོ་ནས་མངོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ལྟེ་གནས་ཀྱི་རྣམ་པ་བརྗིད་ཉམས་དང་སྤྲོ་སེམས་ལྡན་ཞིང་། ཚོགས་རར་མཐོན་པོར་བཀལ་བའི་འཕྲེད་འགེལ་སྦྱར་ཡིག་ཐོག་ཏུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཕུའུ་ཏུང་གི་ཆུ་ཚད་མཐོ་བའི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བྲིས་ཡོད།
     ཆུ་ཚོད་9དང་སྐར་མ་སུམ་ཅུའི་ཐོག་ཚོགས་ཆེན་འགོ་ཚུགས་ཤིང་། ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བཏང་བ་རེད།
     སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ལོ་ངོ་30ཡི་གོང་དུ་ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ཆེན་པོར་ཕྱོགས་ཡོངས་ནས་ཞིབ་འཇུག་བརྡར་གཅོད་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་སྤྱི་ཡོངས་སྤྱི་འདོམས་སྟངས་འཛིན་བྱས་ཏེ་ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་སྒོ་དབྱེར་ཐབས་ཇུས་གལ་ཆེན་བཏོན་ཏེ་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་བཏོད་ཡོད། ཏང་ཀྲུང་དབྱང་གིས་ཕུའུ་ཏུང་གསར་སྤེལ་སྒོ་དབྱེར་ཚད་མཐོའི་མཐོང་ཆེན་དང་རེ་བ་ཟབ་མོ་བཅོལ་ཏེ་ཧྲང་ཧའེ་ཡི་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་སྣེ་འདྲེན་དུ་བྱས་ནས་འབྲི་ཆུའི་རྒྱུད་ཀྱི་གྲོང་ཁྱེར་སྔར་བས་སྒོ་མོ་ཕྱེ་སྟེ་ཧྲང་ཧའེ་འདི་ཉིད་རྒྱལ་སྤྱིའི་དཔལ་འབྱོར་དང་། དངུལ་རྩ། ཚོང་དོན་བཅས་ཀྱི་ལྟེ་གནས་གྲས་སུ་མགྱོགས་མྱུར་བསྐྲུན་ནས་འབྲི་ཆུའི་ཟུར་གསུམ་ཁུལ་དང་འབྲི་ཆུ་རྒྱུག་ཁུལ་གྱི་ས་ཁུལ་ཧྲིལ་པོའི་དཔལ་འབྱོར་མཆོང་སྐྱོད་གསར་པ་ཡོང་བར་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་བྱས་པ་མ་ཟད། ཕུའུ་ཏུང་གིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་རང་བརྟེན་གསར་གཏོད་སོགས་ཀྱི་ཐད་མདུན་གྲལ་དུ་བསྐྱོད་དགོས་པའི་བླང་བྱ་ཡང་བཏོན་ཡོད། དུས་རབས་གསར་པར་སླེབས་རྗེས། ཏང་ཀྲུང་དབྱང་གིས་ཕུའུ་ཏུང་གསར་སྤེལ་སྒོ་དབྱེའི་ཐད་མུ་མཐུད་བླང་བྱ་ཁ་གསལ་བཏོན་པ་མ་ཟད། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་རབ་དང་རིམ་པ་ཕུའུ་ཏུང་དུ་བཞག་ནས་ཕུའུ་ཏུང་གསར་སྤེལ་སྒོ་དབྱེའི་རྣམ་པ་གསར་པ་ཟམ་མི་ཆད་པར་མངོན་ཆེད་སྐུལ་འདེད་བཏང་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་ཧྲང་ཧའེ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་མ་ཟད། ཕུའུ་ཏུང་གསར་སྤེལ་སྒོ་དབྱེར་ཐུགས་ཁུར་དང་རྒྱབ་སྐྱོར། དེ་བཞིན་དེའི་ནང་ཞུགས་མཁན་སྤུན་ཟླ་ཤང་ཀང་བ་དང་། ཨའོ་མོན་བ། ཐའེ་དབན་བ་བཅས་དང་། ཕྱིར་སྡོད་སྤུན་ཟླ། རྒྱལ་ཁབ་ཁག་གི་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་30ཡི་རིང་ཕུའུ་ཏུང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་བ། སྒྱུར་བཅོས་སྒོ་དབྱེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ། སྲོག་ཤིང་གི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད། ལོ་ངོ་30ཡི་རིང་ཕུའུ་ཏུང་གསར་སྤེལ་སྒོ་དབྱེར་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆར་གསོན་ཉམས་ལྡན་པའི་དཔང་པོ་བྱས་པ་དང་།  སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཆེས་གསོན་ཉམས་ལྡན་པའི་ལག་ལེན་གྱི་དཔེ་མཚོན་མཁོ་འདོན་བྱས་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྲུབ་པའི་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ནི་རྦད་དེ་ཡང་དག་པ་ཞིག་དང་། སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ། སྒྱུར་བཅོས་འཕེལ་རྒྱས་ཐད་ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་ང་ཚོའི་འབད་འཐབ་དམིགས་ཚད་དུ་བྱེད་པ། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གཏོད་དགོས་པ་བཅས་ལག་ལེན་གྱི་ཐོག་ནས་ར་སྤྲོད་གང་ལེགས་བྱས་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལྟ་ནས་འགོ་བཙུགས་ཏེ་དུས་རབས་འདིའི་དུས་དཀྱིལ་བར་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པའི་ལོ་30ཡིན་ཞིང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ཕུའུ་ཏུང་གི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་ལས་འགན་གསར་པ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་སྤྱི་ཡོངས་གཉིས་ཀྱི་ཁྲོད་བཞག་ནས་ཇུས་འགོད་བྱེད་པ་དང་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་བསྐྲུན་རྒྱུ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་བཞག་སྟེ་བསམ་གཞིག་དང་ཇུས་འགོད་བྱེད་པ། ཡང་དག་པའི་སྒོ་ནས་འགྱུར་ལྡོག་ལ་ངོས་འཛིན་དང་། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་གཏོང་བ། རང་འགུལ་ངང་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་ཉམས་ཉེན་ཁྲོད་གོ་སྐབས་སྐྱེད་སྲིང་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། གསར་གཏོད་ཀྱི་སྒུལ་ཤུགས་ནུས་ཤུགས་ཡོད་རྒུས་སྟོབས་ཆེར་བཏང་ནས་རང་བརྟེན་གསར་གཏོད་ཀྱི་མཐོ་ས་གསར་པ་གཏོད་དགོས། འཛམ་གླིང་ཚན་རྩལ་གྱི་གཡུལ་ས་མདུན་མར་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་གལ་ལ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་བྱས་ཏེ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། འགག་རྩའི་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ཚན་རྩལ་གྲུབ་འབྲས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་མགྱོགས་སུ་གཏོང་བ། ཐོན་ལས་འཁོར་འབྲེལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་རྒྱུ་འགན་ལེན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་མང་བ་འབུལ་དགོས། རྨང་གཞིའི་ཚན་རྩལ་ཁྱབ་ཁོངས་ལ་གསར་གཏོད་ཤུགས་ཆེན་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་ཁྱབ་ཁོངས་ལ་ཚད་བརྒལ་ཆེན་པོ་ཡོང་བ་དང་ཚན་རྩལ་གསར་གཏོད་ཀྱི་ཇུས་གཞིའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། གསར་གཏོད་ལས་གཏོད་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་ནས་རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་ཞིབ་འཇུག ཐོན་ལས་ཅན་གྱི་ཕྱོགས་གཉིས་སྦྲེལ་མཐུད་བཅས་ཀྱི་མགྱོགས་ལམ་གཏོད་དགོས། འགག་རྩའི་ཁྱབ་ཁོངས་སུ་གསར་གཏོད་རྣམ་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་འདུས་གྲུབ་གློག་ལམ་དང་། སྐྱེ་དངོས་སྨན་རྫས། མི་ཐབས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་སུ་འཛམ་གླིང་རིམ་པའི་ཐོན་ལས་ཁྱུ་ཚོགས་མགྱོགས་མྱུར་གཏོད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་མ་ལག་འདུས་གྲུབ་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱེད་དགོས། རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་སྒྱུར་བཅོས་བྱ་ཐབས་ལ་དམིགས་ནས་སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་ཕན་ཚུན་གཞོགས་འདེགས་དང་། ལག་བསྟར་གྱི་བརྒྱུད་རིམ་ཁྲོད་ཕན་ཚུན་སྐུལ་འདེད། སྒྱུར་བཅོས་ཀྱི་གྲུབ་འབྲས་ཐད་ཕན་ཚུན་གཞོགས་འདེགས་དང་སྤེལ་རེས་བཅས་བྱས་ཏེ་ཕྱོགས་ཁག་གི་ལམ་ལུགས་དེ་བས་འཐུས་སྒོ་ཚང་བ་དང་དེ་བས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་མ་ལག་འདུས་གྲུབ་མཐུན་སྦྱོར་ནུས་ཆེའི་ཐད་སྔོན་ལ་ཚོད་ལྟ་བྱས་ནས་ཉམས་མྱོང་གསོག་པ་དང་། ཕྱོགས་བསྡུས་རང་བཞིན་གྱི་སྒྱུར་བཅོས་ཚོད་ལྟར་འཚོལ་ཞིབ་བྱེད་པ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། བྱ་དངོས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་། ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཐག་ཧྲིལ་པོ། ཁེ་ལས་འཕེལ་རྒྱས་ཀྱི་ཚེ་སྲོག་འཁོར་རྒྱུན་ཧྲིལ་པོ་བཅས་ནས་འགོ་བཙུགས་ཏེ་སྒྱུར་བཅོས་ཇུས་འགོད་བྱེད་པ། ལམ་ལུགས་གསར་གཏོད་གལ་ཆེན་མཉམ་འགུལ་གང་ལེགས་དང་འབྲེལ་མཐུད་ཆ་ཚང་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཞིག་གཏོད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཆུ་ཚད་མཐོ་བའི་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་དགོས། སྒྲིག་སྲོལ་དང་། ལམ་སྲོལ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཆུ་ཚད་མཐོ་བའི་ལམ་ལུགས་ཀྱི་མཁོ་སྤྲོད་དང་། སྤུས་ཚད་མཐོ་བའི་ཐོན་རྫས་མཁོ་སྤྲོད། ལས་ཆོད་མཐོ་བའི་མ་དངུལ་མཁོ་སྤྲོད་བཅས་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ནང་དེ་བས་ལེགས་པར་ཞུགས་དགོས། ཀྲུང་གོའི(ཧྲང་ཧའེ)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་གྲུ་ཁ་དང་ཐག་ཉེ་བའི་ཡུག་ཁུལ་གསར་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཚད་གཞི་མཐོ་ཤོས་དང་ཆུ་ཚད་མཐོ་ཤོས་དང་ཡང་ཡང་བསྡུར་བ་དང་གནོན་ཤུགས་སྔར་ལས་ཆེ་བའི་ཚད་ལེན་ཚོད་ལྟ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་འགའ་ཞིག་སྔོན་ལ་འགག་སྒྲོལ་ཡོང་བ་བྱེད་དགོས། འབྲི་ཆུའི་ཟུར་གསུམ་ཁུལ་དང་མཉམ་དུ་གོ་ལ་ཧྲིལ་པོར་ཁྱབ་འགྱེད་ཐུབ་པའི་མཚོ་ཐོག་སྐྱེལ་འདྲེན་གྱི་ལྟེ་གནས་གང་མགྱོགས་བསྐྲུན་ནས་སྤྱི་ཡོངས་ཀྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གོ་ལ་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་ནུས་པ་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཞབས་འདེགས་ཞུ་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་དེ་བས་སྤྱི་འདོམས་བྱས་ནས་ཐོན་ཁུངས་བཀོད་སྒྲིག་གི་ནུས་པ་ཆེ་རུ་གཏོང་བ་དང་། མ་དངུལ་དང་། ཆ་འཕྲིན། ལག་རྩལ། ཤེས་ལྡན་མི་སྣ། དངོས་ཟོག་སོགས་ཀྱི་གཞི་རྒྱུ་བཀོད་སྒྲིག་བྱེད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་བཏང་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ལྟེ་གནས་མཚམས་ཚིག་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཧུར་ཐག་བྱས་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁྲོད་དེ་བས་ལེགས་པའི་སྒོ་ནས་སྣེ་འདྲེན་ཁྱབ་འགྱེད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། དངུལ་རྩའི་ཁྲོམ་རའི་མ་ལག་དང་། ཐོན་རྫས་མ་ལག སྒྲིག་གཞིའི་མ་ལག རྨང་གཞིའི་སྒྲིག་བཀོད་མ་ལག་བཅས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་སྤྱིའི་དངུལ་རྩའི་རྒྱུ་ནོར་ཉོ་ཚོང་ལས་སྟེགས་བསྐྲུན་པ་དང་། སྤོམ་ཆེའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་གི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་བཏང་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་སྣེ་ཁྲིད་བྱེད་དགོས། རིམ་པ་དེ་བས་མཐོ་བའི་སྤྱི་ཁྱབ་པུའུ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་། མཁོ་སྤྲོད་འཁོར་འབྲེལ། རིན་ཐང་འཁོར་འབྲེལ་བཅས་ཀྱི་ལྟེ་གནས་གལ་ཆེན་དུ་འགྱུར་བ་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། གྲོང་ཁྱེར་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གཏོད་དགོས། གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་མངོན་པ་བཅས་ཀྱི་གྲོང་ཁྱེར་ཆེན་པོའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་དགོས། གྲོང་ཁྱེར་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་བཅོས་སྐྱོང་གི་བྱ་ཐབས་དང་། བཅོས་སྐྱོང་གི་དཔེ་དབྱིབས། བཅོས་སྐྱོང་གི་འདུ་ཤེས་བཅས་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་བཅོས་སྐྱོང་དང་། སྤྱི་ཚོགས་བཅོས་སྐྱོང་། གྲོང་ཁྱེར་བཅོས་སྐྱོང་བཅས་སྤྱི་འདོམས་སྐུལ་འདེད་དང་ནུས་ལྡན་འབྲེལ་མཐུད་ཀྱི་བཅོས་སྐྱོང་མ་ལག་སྔོན་ལ་བསྐྲུན་དགོས། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་འཕྲད་གོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱས་ཏེ། སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དང་སྤུས་ལེགས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། འཆམ་མཐུན་མཛེས་སྡུག་གི་སྣོད་བཅུད་ཁོར་ཡུག་བསྐྲུན་ནས་གྲོང་ཁྱེར་དེ་མི་དང་མི། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་སྐྲུན་དགོས།
     ཞི་ཅིན་ཕིང་གིས་སང་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་རེད། ཧྲང་ཧའེ་ནི་ཀྲུང་གོ་གུང་ཁྲན་ཏང་འཁྲུངས་ཡུལ་ཡིན་པས། གསར་བརྗེའི་ས་བོན་རྒྱུན་འཛིན་དང་ཐོག་མའི་བསམ་འདུན་ལག་བསྟར་བྱས་ནས་ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྒྱུར་བཅོས་སྒོ་དབྱེའི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་འགན་འཁྲི་འཁུར་ཕོད་པ་དང་གདོང་ལེན་གྱི་ནུས་པ་འདོན་ཕོད་པ་བྱས་ནས་དུས་རབས་གསར་པའི་ངོ་མཚར་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད། 

ཟླ་11ཚེས་12ཉིན་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཧྲང་ཧའེ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ།
ཟླ་11ཚེས་12ཉིན་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཧྲང་ཧའེ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ།

  
style="display:none;"