འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་12ཉིན།

༄༅༎“སྣོད་བཅུད་ཧོར་ཡུལ”རི་མོ་བཞིན་དུ་མཛེས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་12ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎“སྣོད་བཅུད་ཧོར་ཡུལ”རི་མོ་བཞིན་དུ་མཛེས།
     དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་ཁོངས་སུ་རི་ཀླུང་སྤེལ་མར་གནས་ཤིང་། ཆུ་བོ་མང་ལ། ཐོན་རྫས་ཕུན་སུམ་ཚོགས་པ་དང་། དམངས་སྲོལ་བབ་ཆགས་བཅས་ཡོད། རང་བྱུང་མཛེས་ལྗོངས་ལས་མངོན་པའི་བརྗིད་ཉམས་ཆེ་བ་དང་། མཐོ་ཞིང་རྒྱང་རིང་བ། བབ་ཆགས་པ།དྭངས་གཙང་བཅས་དང་། ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་དང་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་མི་རྣམས་ཀྱི་ཡིད་དབང་འགུག་པའི་རྨ་ཆུ་དང་ཙོང་ཆུའི་རོང་སའི་མཛེས་ལྗོངས་རི་མོ་ཞིག་གྲུབ་ཡོད།
     ཉེ་བའི་ལོ་ཤས་རིང་། དགོན་ལུང་རྫོང་གིས“ལྗང་མདོག་སྲུང་ཡོལ་དང་། ལྗང་མདོག་རོང་ས། ལྗང་མདོག་གྲོང་ཁྱེར”བཅས་ཀྱི་འཛུགས་སྐྲུན་དམིགས་ཡུལ་ལ་དམ་པོར་དམིགས་ཏེ“རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་། བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག རྨོ་བསྐྱུར་ནགས་གསོ། སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་དང་སྲུང་སྐྱོང”སོགས་ནགས་ལས་སྣོད་བཅུད་འཛུགས་སྐྱོང་གི་ལས་གཞི་ཆེན་པོ་བཞི་ལག་བསྟར་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་རང་བྱུང་ནགས་ཚལ་ཐོན་ཁུངས་མུའུ་ཁྲི་173.15དང་རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་ཚལ་མུའུ་ཁྲི་88.96ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ཅིང་། ནགས་ཚལ་ཁེབས་ཚད་42.34%ཟིན་ཡོད། ནགས་ཚལ་གྱི་རྒྱ་ཁྱོན་དང་། གསོག་ཚད། ནགས་ཚལ་ཁེབས་ཚད་བཅས་དུས་མཉམ་དུ་འཕར་སྣོན་བྱུང་བ་རེད།
     དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པར། ཝེ་ཡོན་གྲོང་རྡལ་མའོ་སི་ཧོ་ཆུ་རྒྱུད་ནི་རྫས་འགྱུར་བཟོ་ལས་ཁེ་ལས་ཀྱིས་བཙོག་འབུད་བྱས་པ་ལས་གྲུབ་པའི“དྲི་ངན་ཡུར་བུ”ཞིག་ཡིན་ཞིང་། རིང་ཚད་ལ་སྤྱི་ལེ་ལྔ་དྲུག་ཙམ་ཡོད། དེར“མའོ་སི་ཡུར་བུ”ཞེས་པའི་མིང་བཏགས་པ་རེད། དགོན་ལུང་རྫོང་གིས་མའོ་སི་ཧོ་ཆུ་བོའི་སྣོད་བཅུད་སྲུང་སྐྱོང་དང་བེད་སྤྱོད་ལས་གཞི་ལག་ལེན་བསྟར་ནས་དེ་སྔའི“ལུང་ཤུས་ཡུར་བུ”ནས་ད་ལྟའི་སྣོད་བཅུད་མཛེས་ལྗོངས་ཁུལ་བར་གྱི་བཀྲག་མདངས་འཚེར་བའི་འཕོ་འགྱུར་ལེགས་གྲུབ་བྱུང་ཡོད། མའོ་སི་ཧོ་ཆུ་བོའི་མཛེས་ལྗོངས་ཁུལ་དེ་མཚོ་ཤར་གྲོང་ཁྱེར་དང་ཐ་ན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་སྣོད་བཅུད་འཛུགས་སྐྱོང་གི་སྣོད་བཅུད“མིང་བྱང”ཞིག་ཏུ་གྱུར་ཡོད།
     པེ་ཧྲན་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དང་། ནན་མོན་ཞ་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་། སུམ་མདོའི་ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་སོགས་ཀྱང་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་ཧ་ཅང་མང་པོ་ཡོད་པའི་རྐྱེན་གྱིས།རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ཚན་རིག་རྟོག་ཞིབ་ཀྱི་ལས་དོན་པ་དང་སྒྱུ་རྩལ་པ་ཚོའི་ཡིད་དབང་འཕྲོག་ཡོད།
     ནགས་ཚལ་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན། དགོན་ལུང་རྫོང་དེ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“རྒྱལ་ཡོངས་ཀྱི་ནགས་ཚལ་ཡུལ་སྐོར་དཔེ་སྟོན་རྫོང”ལ་གཏན་འཁེལ་བྱས་པ་དང་འབྲེལ། “རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཐད་བྱས་རྗེས་མངོན་གསལ་བཞག་པའི་སྔོན་ཐོན་ཐུན་མོང”ཞེས་པའི་མཚན་སྙན་ཡང་གནང་བ་རེད།
     རི་སྔོ་ཞིང་ཆུ་དྭངས་ལ། ཞིང་ས་སྔོ་ཐིང་ཐིང་ཡིན་ཞིང་མེ་ཏོག་སྣ་ཚོགས་བཞད་པ་དང་། བྱ་བརྒྱས་གླུ་དབྱངས་ལེན……སྟོན་དུས་སུ། ཝེ་ཡོན་གྲོང་གསར་དུ་བསྐྱོད་ནས། འཇུ་ལག་ཆུ་བོའི་འགྲམ་དུ་སླེབས་པ་ན། མཛེས་སྡུག་རྣམ་པར་བཀྲ་བའི་སྣོད་བཅུད་རི་མོ་ཞིག་མཚོ་སྔོན་ས་མཐོའི་བྱང་ཤར་རྒྱུད་དུ་གསོན་ཉམས་དོད་པོས་མངོན་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15829583.html)
【1】  【2】
༄༅༎“སྣོད་བཅུད་ཧོར་ཡུལ”རི་མོ་བཞིན་དུ་མཛེས།