མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་ཀྱི་ཚོགས་ཆེན་
སྐབས་དང་པོ་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་12ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་ཀྱི་ཚོགས་ཆེན་སྐབས་དང་པོ་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། དེང་སྐབས་འཛམ་གླིང་དུ་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བཞིན་ཡོད་པས། མིའི་རིགས་ཀྱི་འཕེལ་རྒྱས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཕེལ་རྒྱས་ཀྱི་དཀའ་གནད་དང་འགྲན་སློང་ཐག་གཅོད་དང་ཁ་གཏད་འཇལ་ཆེད་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རིག་ལག་རྩལ་གྱིས་མིའི་རིགས་ཧྲིལ་པོར་བདེ་སྐྱིད་སྐྲུན་དགོས། མིག་སྔར། གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་སོགས་ཀྱི་འགྲན་སློང་སྣ་ཚོགས་འཕྲད་བཞིན་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཚན་རྩལ་གསར་གཏོད་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྒོ་དབྱེ་བསྟུན་མཁས་དང་གཉིས་ཕན་མཉམ་སྤྱོད་ཀྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་བྱ་ཆེད་ལེགས་སྐྱེས་འབུལ་དགོས། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་མཉམ་དུ་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་ཀྱི་ཚོགས་ཆེན་འཚོགས་ནས། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ལ་སྤེལ་རེས་དང་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་མཁོ་འདོན་བྱ་རྒྱུ་རེད། ཚོགས་ཆེན་ཐོག“གསར་གཏོད་ལ་བརྟེན་ནས་རྒྱུན་སྲིང་འཕེལ་རྒྱས་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ནས། བློ་བསྡུས་དགེ་འཚོལ་དང་། ངོས་འཛིན་གཅིག་མཐུན། མཉམ་ལས་ལ་སྐུལ་སྤེལ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་རྒྱུའི་རེ་བ་ཡོད།

  
style="display:none;"