འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་12ཉིན།

༄༅༎ཀན་སུའུ་ཡིས་ལོ་7ནང་ཁྱོན་བསྡོམས་དབུལ་པོ་ཁྲི་550ཉུང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་12ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་10ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2013ལོ་ནས་2019ལོའི་ལོ་མཇུག་བར་ཀན་སུའུ་ཡིས་ཁྱོན་བསྡོམས་དབུལ་པོ་ཁྲི་550ཉུང་དུ་བཏང་བ་དང་། རྫོང་དབུལ་པོ་75ཁྲོད་ནས་67གྱི་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་7262ཁྲོད་ནས་6867དབུལ་པོའི་གནས་ནས་ཕྱིར་འཐེན་བྱས་པ། བོད་འབྲེལ་ཀྲོའུ་དང་རྫོང་སྤྱི་ཡོངས་དབུལ་སྒྲོལ་ཐུབ་པ་རེད།
     ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་ཐང་རེན་ཅན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་ལས་འགན་ལེགས་སྒྲུབ་བྱས་པའི་ཐད། མིག་སྔར་ཀན་སུའུ་ཡིས་འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་མཚམས་ཆད་པའི་སྣང་ཚུལ་གཙང་སེལ་བྱེད་བཞིན་ཡོད་པ་དང་། རྫོང་དབུལ་པོ་དང་། ཤང་དབུལ་པོ། གྲོང་ཚོ་དབུལ་པོ་བཅས་ཀྱི་སྨན་བཅོས་སྒྲིག་གཞི་དང་སྨན་དོན་མི་སྣའི“སྟོང་ཆ”ཁྱོན་ཡོངས་ནས་གསབ་པ། དུད་ཚང་ཁྲི་83.36གི་གྲོང་གསེབ་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱས་ཡོད།
     མི་འབོར་དབུལ་པོའི་འབབ་འཕར་ཐད། 2017ལོ་ནས་2019ལོ་བར་ཀན་སུའུ་ཡི་ས་ཁུལ་དབུལ་པོའི་ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་10.2%དང་། 10.3% 11.8%བཅས་སོ་སོར་ཟིན་ནས་ཀན་སུའུ་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་ལས་མངོན་གསལ་དོད་པོས་མཐོ་བ་ཡོད། ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2013ལོ་ནས་ད་བར་ཀན་སུའུ་ཡིས་ངལ་ནུས་དབུལ་པོ་མི་ཐེངས་ཁྲི་647ཕྱིར་གཏོང་གཞན་སྒྱུར་བྱས་ཏེ་མི་འབོར་དབུལ་པོ་ཕྱེད་ཀ་ལྷག་ཙམ་ཐོན་ལས་འཕེལ་རྒྱས་བརྒྱུད་དབུལ་སྒྲོལ་ཐུབ་ཡོད། དེའི་ཁྲོད། 2018ལོ་ནས་2019ལོའི་ལོ་མཇུག་བར་ཀན་སུའུ་ཡིས་ཐོན་ལས་འཕེལ་རྒྱས་དང་ངལ་ནུས་ཕྱིར་གཏོང་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པའི་མི་འབོར་ཁྲི་131.45ཟིན་པ་དེས་མི་འབོར་དབུལ་པོ་ཡོངས་ཀྱི་76.8%བཟུང་ཡོད།
     མཉམ་ལས་རོགས་རམ་ཟབ་གཏོང་ཐད། ཐེན་ཅིན་གྲོང་ཁྱེར་དང་། ཧྲན་ཏུང་ཞིང་ཆེན་གྱི་ཆིང་ཏའོ་གྲོང་ཁྱེར། ཕུའུ་ཅན་ཞིང་ཆེན་གྱི་ཕུའུ་ཀྲོའུ་གྲོང་ཁྱེར་དང་ཞ་མོན་གྲོང་ཁྱེར་བཅས་ཀྱིས་ཀན་སུའུ་ཞིང་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་ཡོད། 2017ལོ་ནས་བཟུང་། ཤར་རྒྱུད་ཀྱི་གྲོང་ཁྱེར་4ཡིས་ནོར་སྲིད་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་85.25རོགས་སྐྱོར་བྱས་ཏེ་མཉམ་ལས་རྣམ་གྲངས་4400ལྷག་ཙམ་ལག་བསྟར་བྱས་པ་དང་མི་འབོར་དབུལ་པོ་ཁྲི་20འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ཀྲུང་དབྱང་གི་དམིགས་བཙུགས་ཚན་པས་ཀན་སུའུ་ལ་སྔ་རྗེས་སུ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་14.56བཏང་ནས་རྣམ་གྲངས་1000ལྷག་ཙམ་ནང་འདྲེན་བྱ་རྒྱུར་མཐུན་སྦྱོར་བྱས་ཡོད།
     ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཐད། ཀན་སུའུ་ཡིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་49.9སྡོད་ཁང་གསར་པར་སྤོས་ཤིང་། དེའི་ཁྲོད་ཀྱི་ངལ་རྩོལ་ནུས་པ་ལྡན་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཁྲི་10.3ཁྲོད་ནས་ཁྱིམ་ཚང་རེར་ཉུང་མཐར་མི་གཅིག་ལས་ཞུགས་ཐུབ་ཡོད།