མི་དམངས་དྲ་བ།

༄༅༎བློ་མཐུན་ཞི་ཅིན་ཕིང་གི་རྩོམ་བསྡུས《ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གླེང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་11ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་རྩོམ་བསྡུས《ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གླེང་བ》ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
     ཆེད་དོན་རྩོམ་བསྡུས་དེའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་རྒྱས་བཤད་གནང་བའི་གལ་ཆེའི་གསུང་རྩོམ་52བསྡུས་ཡོད། དེའི་ནང་གི་གསུང་རྩོམ་ཁ་ཤས་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་དེ་སྤྱི་ཡོངས་ལས་དོན་གྱི་གལ་ཆེའི་གནས་བབ་ཐོག་བཞག་ནས་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་པས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་ཁྱོན་ཡོངས་ནས་སྐུལ་མ་ཐེབས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་མི་སེམས་ལ་གཏིང་ཟབ་ཟུག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱ་ཁྱབ་ཏུ་དར་སྤེལ་བྱུང་བ། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་དུ་ཕྱིན་པ། རིག་གནས་ཀྱི་གདེང་ཚོད་མངོན་པ། རྒྱལ་ཁབ་ཀྱི་རིག་གནས་འཇམ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ་བཅས་བྱུང་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐད་ཀྱི་མཐུན་སྒྲིལ་དང་གཅིག་གྱུར་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། བློ་མཐུན་ཞི་ཅིང་ཕིང་གིས་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་དམིགས་ནས་བཏོན་པའི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པས་རང་རེའི་ཏང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་ཟབ་ཏུ་ཕྱིན་ནས་དུས་རབས་གསར་པའི་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གི་རྩོམ་བསྡུས《ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གླེང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དྲིལ་བསྒྲགས་བསམ་བློའི་ལས་དོན་གྱིས་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་སྔར་བས་ལེགས་པར་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

  
style="display:none;"