འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་10ཉིན།

༄༅།།བོད་ཀྱིས་ཐད་གཏོང་ཟོག་ཚོང་གི་ཚོད་ལྟའི་གསོ་སྦྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་10ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཀྲུང་གོའི་གསར་འགྱུར་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་ལག་རྩལ་པའི་སློབ་གླིང་དང་། བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་མཉམ་འབྲེལ་ཐོག་ལྷ་སར་ཚོད་ལྟའི་གསོ་སྦྱོང་འཛིན་གྲྭ་ཞིག་གཉེར་ཏེ། ཆ་ལག་ཚང་བའི་སྒོ་ནས་ཐད་གཏོང་ཟོག་ཚོང་བྱེད་མཁན་བོད་ཀྱི“ལི་ཅ་ཆི”དང“ཝུའེ་ཡ”སོགས་ལ་གསོ་སྦྱོང་བྱས་པ་རེད།
    ཉེ་བའི་ལོ་ཤས་རིང་། དྲ་རྒྱའི་ཚོང་གཉེར་དང་འབྲེལ་བའི་དྲ་སྦྲེལ་དཔལ་འབྱོར་དར་རྒྱས་བྱུང་ནས། འཛད་སྤྱོད་དགོས་མཁོ་ཆེ་རུ་སོང་བ་དང་ཆབས་ཅིག ཐོན་ཟོག་བྲིན་ཚོང་ལ་སྐུལ་མའང་ཐེབས་ཡོད། འདི་ལོའི་ཟླ་བདུན་པར་གཞུང་ཕྱོགས་ཀྱིས་ལས་རིགས་གསར་པ་དགུ་ཁྱབ་བསྒྲགས་བྱས་པ་དང་དྲ་སྦྲེལ་ཚོང་གཉེར་བའི་ལས་རིགས་ཀྱང་དེའི་ནང་ཚུད་པ་མ་ཟད། གྲངས་འཛིན་ཅན་གྱི་ཆ་འཕྲིན་ལས་སྟེགས་ཐོག་དྲ་རྒྱའི་སྣོལ་འབྲེལ་རང་བཞིན་དང་སྤྱི་མོས་ཐོབ་སེམས་བརྒྱུད་སྤེལ་ལ་བརྟེན་ནས་ཁེ་ལས་ཀྱི་ཐོན་ཟོག་དག་ལས་སྟེགས་མང་པོ་བརྒྱུད་བྲིན་ཚོང་ཁྱབ་གདལ་གཏོང་མཁན་ཞིག་ཏུ་གཏན་འཁེལ་བྱས་པ་རེད།
     བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས། གསོ་སྦྱོང་དེ་ནི་ལས་ཞུགས་ལ་སྐུལ་འདེད་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རོགས་རམ་བྱེད་པའི་ཁྲོད་ལས་གཏོད་གསར་གཏོད་ཀྱི་ནུས་པ་གལ་ཆེན་སྔར་བས་འདོན་པ་དང་། གསར་དར་དཔལ་འབྱོར་གྱི་ལས་རྣམ་གསར་པ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གཉེར་བ་ཞིག་ཡིན་ལ། གོང་གསལ་གྱི་གསར་དར་ལས་རིགས་དངོས་སུ་ཁྱབ་བསྒྲགས་བྱས་པའི་རྗེས་སུ་བོད་ཀྱིས་ལས་རིགས་གསར་པ་གསོ་སྦྱོང་བྱེད་ཐེངས་དང་པོའང་ཡིན་ཞེས་བརྗོད།