འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་10ཉིན།

༄༅༎ཀྲུང་དབྱང་དྲིལ་བསྒྲགས་པུས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་
ལག་བསྟར་གྱི་བགྲོ་གླེང་འཛིན་གྲྭ་གཉེར་བ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་
བླངས་ནས་གཞི་རིམ་གྱི་སྒྲོག་འགྲེལ་རྐང་འཛིན་པ་གསོ་སྦྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་10ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་5ནས་7ཉིན་བར་ཀྲུང་དབྱང་དྲིལ་བསྒྲགས་པུས་པེ་ཅིང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་གཉེར་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ས་གནས་ཀྱི་སྒྲོག་འགྲེལ་རྐང་འཛིན་པ་གསོ་སྦྱོང་བྱས་པ་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་གཞི་རིམ་གྱི་སྒྲོག་འགྲེལ་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
     ཚོགས་ཞུགས་བློ་མཐུན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཞིབ་འཇུག་འཆད་འགྲེལ་ཡག་པོ་བྱེད་པ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་གཞི་རིམ་གྱི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལས་དོན་ཡག་པོ་སྤེལ་རྒྱུ་བཅས་ལ་བགྲོ་གླེང་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་བསྐྱོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་སྤྱི་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གྲོས་འགོའི》ནང་དོན་ཧྲིལ་པོར་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། འཕོ་འགྱུར་དང་སྟོབས་བརྩོན་བཅས་ཀྱི་དགོངས་དོན་ཁྱབ་པ་མ་ཟད། རིགས་པའི་གཞུང་ལུགས་དང་། ལམ་ལུགས། ལག་ལེན་བཅས་ཀྱི་ཐད་ཚད་བརྒལ་གལ་ཆེན་གསར་པ་བྱུང་ཡོད། འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། སླད་ཕྱིན་གྱི་ལོ་5དང་ཐ་ན་དུས་ཡུན་དེ་བས་རིང་བའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས་པ་རེད།
     ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་དང་། དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱིས་ངེས་པར་དུ་འཁུར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་རེད། སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་འགོའི》གཙོ་གནད་སྐོར་ལ་དམིགས་ཏེ། ཇི་མ་ཇི་བཞིན་སློབ་སྦྱོང་དང་། ཕྱོགས་ཡོངས་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་སློབ་སྦྱོང་། བསམ་བློ་ཞིབ་ཚགས་བཏང་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་སྙིང་ཁོང་དུ་ཧུར་ཐག་ཆུད་པ་བྱ་རྒྱུ་དང་། ས་གནས་དེ་གའི་ཆབ་སྲིད་ཀྱི་བྱང་ཚད་ལེགས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ། སྒྲོག་འགྲེལ་གྱི་ནུས་པ་ལྡན་པ་བཅས་ཀྱི་རྐང་འཛིན་སྟོབས་ཤུགས་ཧྲག་སྒྲུག་བྱས་ནས། གཞི་རིམ་ལ་ཁ་ཕྱོགས་པའི་ཁ་གཏད་ཅན་དང་མཉམ་འགུལ་ཅན་གྱི་སྒྲོག་འགྲེལ་གཏིང་ཟབ་སྤེལ་རྒྱུ་མ་ཟད། ལྷག་པར་དུ་ན་གཞོན་ཚོགས་སྤྱིར་དམིགས་པའི་སྒྲོག་འགྲེལ་དང་མཉམ་འགུལ་སྤེལ་རེས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ། སྒྲོག་འགྲེལ་གྱི་བྱེད་ཐབས་གསར་གཏོད་བྱས་ནས་སྨྱན་སྦྱོར་གསར་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྒྲོག་འགྲེལ་གྱི་ཁྱབ་རྒྱ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་དོན་དངོས་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གོ་བདེ་ཤེས་སླ་དང་གསོན་ཉམས་དོད་པའི་སྐད་ཆ་སྤྱད་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འབྱུང་འགྱུར་གྱི་མདུན་ལམ་ཡག་པོ་ཤོད་པ་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ། བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་འཁེལ་བའི་ལས་འགན་ཁག་གི་ཐོག་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།