འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་9ཉིན།

༄༅།།ཡུན་ནན་བདེ་ཆེན་ཀྲོའུ་ཡིས། མི་རིགས་ཁག་གི་མང་ཚོགས་བདེ་ཐང་ངང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་
པར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་09ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ནི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཏོགས་པ་དང་།དེ་ནི་ཡུན་ནན་ཞིང་ཆེན་གྱི་བདེ་ཐང་དབུལ་སྐྱོར་ལས་དོན་གྱི་དཀའ་གནད་ཆེ་ཤོས་ཀྱི་གྲས་རེད། བདེ་ཐང་དབུལ་སྐྱོར་གྱི་འདུ་འགོད་སྤེལ་ཚུན། ཡུན་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རང་འགུལ་ངང་རིགས་གཅིག་མཁས་ཅན་ཚོགས་ཆུང་བདེ་ཆེན་ཀྲོའུ་རུ་མངགས་ཏེ་གནས་ཚུལ་ཤེས་རྟོགས་བྱས་ནས་བདེ་ཆེན་ཀྲོའུ་ཡི་བདེ་ཐང་དབུལ་སྐྱོར་གྱི་ཞན་ཆར་གནད་སྨིན་ངོས་འཛིན་བྱས་ཤིང་། བདེ་ཆེན་ཀྲོའུ་སྨན་ཁང་རིམ་གསུམ་ཀ་པ་རིམ་པའི་སྨན་ཁང་བསྐྲུན་པར་དམིགས་ཏེ“ཚོགས་སྒྲིག་རྣམ་པ”དང“རང་བརྟེན་རྣམ་པའི”ཁ་གཏད་རོགས་སྐྱོར་བྱས་ཏེ་རིག་ཚན་མང་པོའི་ཐད་ཚད་བརྒལ་གསར་པ་བྱུང་ཡོད། རོགས་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་ཤོས་ནི་བདེ་ཆེན་ཀྲོའུ་ཡི་བྱིས་ནད་ཚན་ཁག“མེད་པ་ནས་ཡོད་པར”གྱུར་ནས་ཀྲོའུ་བཙུགས་ཚུན་བྱིས་ནད་ཚན་ཁག་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། བྱིས་ནད་ཚན་ཁག་བཙུགས་ནས་2020ལོའི་ཟླ་8ཚེས་31ཉིན་བར་བདེ་ཆེན་ཀྲོའུ་ཡི་ཕྲུ་གུ་དམར་འབྱར་འཆི་ཚད་7.57‰མན་དུ་ཚོད་འཛིན་ཐུབ་ཡོད།
    “ལག་རྩལ་ཐད་ནས་ཡུལ་དེ་གའི་སྨན་བཅོས་ལག་རྩལ་ཡར་རྒྱས་ཡོང་བར་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་བྱས་ནས་ཡུལ་དེའི་སྨན་བཅོས་ལས་དོན་པས་རང་རྐྱ་འཕེར་བའི་ངང་སྐྱོབ་བཅོས་བྱེད་ཐུབ” 2018ལོའི་ཟླ་9པར་ཁུན་མིང་གྲོང་ཁྱེར་བྱིས་པའི་སྨན་ཁང་གི་སྨན་པ་ཧོ་ཚན་ལིན་ལ་རོགས་སྐྱོར་གྱི་ལས་འགན་ལྕི་མོ་བཀོད་སྒྲིག་བྱས་ནས་བདེ་ཆེན་དུ་འབྱོར། དེ་གོང་གི་ཟླ་བ་2ཀྱི་རིང་སྨན་ཁང་དེས“སྨན་ཁང་ཀ་པ་རིམ་པ་གསུམ་པར་བསྐྲུན་པའི་སྐུལ་སློང་ཚོགས་ཆེན”འཚོགས་ཏེ“ཀ་པ་རིམ་པ་གསུམ་པར་སྐྲུན་པའི”དུང་བརྡ་དངོས་སུ་བསྒྲགས་ཡོད། ཧོ་ཚན་ལིན་རོགས་སྐྱོར་དུ་མ་ཡོང་གོང་། ཁུན་མིང་གྲོང་ཁྱེར་བྱིས་པའི་སྨན་ཁང་གིས་རིན་མེད་ངང་སྨན་ཁང་དེ་གའི་སྨན་དོན་པ་20བྱིས་པའི་སྨན་ཁང་དུ་ཉར་ནས་ཟབ་སྦྱོང་དང་སློབ་སྦྱོང་བྱེད་དུ་བཅུག་སྟེ་སྨན་ཁང་དེ་གའི་བྱིས་ནད་ཚན་ཁག་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། སྤྱིར་ན་དུས་འགོའི་རྨང་གཞི་ཡོད་ཀྱང་། ཧོ་ཚན་ལིན་ཐོག་མར་སླེབས་སྐབས་ཧ་ལས་པར་གྱུར། སྨན་ཁང་གིས་ནད་ཁང་བསྐྲུན་ཚར་ཡང་སྒོ་འབྱེད་ཕོད་ཀྱི་མེད། དེ་ནས་ཧོ་ཚན་ལིན་གྱིས་དངོས་སུ་རེ་རེ་བཞིན་ལ་མཛུབ་ཁྲིད་བྱས་ཤིང་། གལ་ཆེན་དང་དཀའ་གནད་ལ་དམིགས་ཏེ་ཡང་ནས་ཡང་དུ་གསོ་སྦྱོང་བྱས་པ་རེད།
    “གཞན་བརྟེན”ནས“རང་བརྟེན”དུ་གྱུར་ཞིང་། ཡུན་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི“རང་བརྟེན་རྣམ་པའི”རོགས་སྐྱོར་ལ་བརྟེན་ནས་བདེ་ཆེན་ཀྲོའུ་ཡི་བྱིས་ནད་ཚན་ཁག་གིས་ཐོག་མ་ནས་འགོ་བཙུགས་ཏེ་རང་རྐྱ་འཕེར་བའི་ཚན་ཁག་དང་། ནད་ཁུལ། དམར་འབྱར་གྱི་ཚབས་ཆེའི་ནད་ལྟ་སྲུང་ཁང་བཅས་གོང་འཕེལ་བྱུང་ཁར། མི་སྣ་དང་། ལག་རྩལ། སྒྲིག་ཆས་བཅས་གང་དགོས་ཅི་འཛོམས་བྱུང་ཡོད། དམར་འབྱར་ལ་སྨན་བཅོས་ཇི་ལྟར་བྱེད་དགོས་མིན་མི་ཤེས་པ་ནས་དམར་འབྱར་གྱི་ཚབས་ཆེའི་ནད་སྐྱོབ་བཅོས་ནུས་ལྡན་བྱེད་ཐུབ་པར་གྱུར་ཏེ་ཡུལ་དེ་གའི་དམར་འབྱར་འཆི་ཚད་དང་སྨན་ཁང་གཞན་དུ་སྒྱུར་ཚད་ཧ་ཅང་དམའ་རུ་སོང་ཡོད།
    “བྱིས་ནད་ཚན་ཁག་དེ་ཉིད་མིག་སྔར་ང་ཚོའི་སྨན་ཁང་གི་ཁྱད་ལྡན་གཙོ་གནད་ཆེད་ཚན་གཞན་ཞིག་ཏུ་གྱུར་ཡོད”བདེ་ཆེན་ཀྲོའུ་མི་དམངས་སྨན་ཁང་གི་བྱིས་ནད་ཚན་ཁག་ལ“སྤུས་རྟགས”ཀྱི་ཕན་ནུས་ཐོན་ཏེ་ནད་ལྕིའི་ཕྲུ་གུ་31%ནི་ཉེ་འཁོར་གྱི་སི་ཁྲོན་དང་བོད་ལྗོངས་སོགས་ས་ཆའི་ཡིན། ཡུན་ནན་ཞིང་ཆེན་བདེ་ཐང་དབུལ་སྐྱོར་གྱི“ཁེ་བཟང”དེས་ཉེ་འཁོར་ས་ཆའི་མང་ཚོགས་དབུལ་པོ་སྔར་བས་མང་བར་ཕན་ཐོགས་ཡོད་ཅེས་ཡོན་ཀྲང་ཧོང་ཡུང་ཧྲོའུ་ཡིས་གསར་འགོད་པར་བཤད།