མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་འགོ་ཚུགས་མཛད་སྒོའི་ཐོག་
བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ། ཀྲུང་གོས་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱ་
ཆེ་རུ་གཏོང་བའི་བྱ་ཐབས་གསར་པ་ཁྱབ་བསྒྲགས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་06ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་4ཉིན་གྱི་དགོང་མོ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་འགོ་ཚུགས་མཛད་སྒོ་ཧྲང་ཧའེ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

ཟླ་11ཚེས་4ཉིན་གྱི་དགོང་མོ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་འགོ་ཚུགས་མཛད་སྒོ་ཧྲང་ཧའེ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་དགོང་མོ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་འགོ་ཚུགས་མཛད་སྒོ་ཧྲང་ཧའེ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་འཛམ་གླིང་གི་དཔལ་འབྱོར་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་མོད། འོན་ཀྱང་ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་གོམ་སྟབས་སྔར་བཞིན་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། རྒྱལ་ཁབ་ཁག་སྒོ་འབྱེད་ཀྱི་ཕྱོགས་སུ་སྐྱོད་པ་དང་མཉམ་ལས་ཀྱི་ཕྱོགས་སུ་སྐྱོད་པའི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་བྱུང་མེད། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མཉམ་ལས་གཉིས་ཕན་དང་། མཉམ་ལས་མཉམ་འཁུར། མཉམ་ལས་མཉམ་བཅོས་བཅས་ཀྱི་ཐུན་མོང་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་སྒོ་དབྱེ་དང་། མཉམ་ལས། མཐུན་སྒྲིལ། གཉིས་ཁེ་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ཀྲུང་གོའི་ཁྲོམ་ར་དེ་འཛམ་གླིང་གི་ཁྲོམ་ར་དང་། མཉམ་སྤྱོད་ཀྱི་ཁྲོམ་ར། ཀུན་གྱི་ཁྲོམ་ར་བཅས་སུ་འགྱུར་བར་བྱ་རྒྱུ་དང་འབྲེལ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲང་ནུས་སྔར་ལས་མང་བ་བསྣན་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནི་དམིགས་བསལ་དུས་སྐབས་སུ་འཚོགས་ཡོད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་ཁག་ལ་རྡབ་རྡེག་ཚབས་ཆེན་བཟོས་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་ལའང་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་གོས་རིམས་ནད་སྔོན་འགོག་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་བཀག་ལྟར་གོ་ལ་ཧྲིལ་པོའི་ཚོང་དོན་འདུ་ཚོགས་གཟབ་རྒྱས་ངང་གཉེར་བ་དེ་ཐོག་ནས་ཀྲུང་གོས་འཛམ་གླིང་དང་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལྷག་བསམ་ཟོལ་མེད་ཀྱི་འདུན་པ་མཚོན་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། གྲོལ་མ་ཐག་པའི་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་འཆར་འགོད་བྱས་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དམིགས་ཚད་མི་རིང་བར་མངོན་འགྱུར་ཐུབ་རྒྱུ་དང་། སང་ལོ་ནས་བཟུང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་འཛུགས་རྒྱུ་ཡིན་པས། ཀྲུང་གོ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་བསྐྱོད་རྒྱུ་རེད། ང་ཚོས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་དགོས་ཞེས་བཏོན་ཡོད། འདི་ནི་སྒོ་སྡོམ་གྱི་རྒྱལ་ནང་འཁོར་རྒྱུག་བྱེད་པ་ཞིག་གཏན་ནས་མིན་པར། དེ་བས་སྒོ་དབྱེའི་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཉིས་རྩེག་ཅིག་ཡིན་པ་དེ་ནི། ཀྲུང་གོའི་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་ཐུབ། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཐོག་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་ཁྲོམ་ར་ཆེན་པོ་ཞིག་ཡིན། ཀྲུང་གོའི་བཟོ་སྐྲུན་དེ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་གྱི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད་ལ། ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་ནང་མཁོའི་ཁྲོམ་རས་ཟམ་མི་ཆད་པར་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། ཀྲུང་གོའི་ཁྲོམ་ར་དེ་འཛམ་གླིང་གི་ཁྲོམ་ར་དང་། མཉམ་སྤྱོད་ཀྱི་ཁྲོམ་ར། ཀུན་གྱི་ཁྲོམ་ར་བཅས་སུ་འགྱུར་བར་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲང་ནུས་དེ་བས་མང་བ་བསྣན་རྒྱུ་རེད།
     གཅིག སྒོ་དབྱེའི་མཐོ་ས་གསར་པ་བསྐྲུན་རྒྱུ། ཀྲུང་གོས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་རང་མོས་ཚོང་དོན་གྲུ་ཁའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁོངས་ལས་སྒྲོལ་བའི་ཞབས་ཞུའི་ཚོང་དོན་གྱི་བཀག་རྒྱ་གསལ་ཐོ་འདོན་པ། གྲངས་འཛིན་དཔལ་འབྱོར་དང་དྲ་སྦྲེལ་སོགས་ཁྱབ་ཁོངས་མུ་མཐུད་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ངང་སྤེལ་བ་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན།
     གཉིས། ཕྱི་ཕྱོགས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ཀྲུང་གོས་མུ་མཐུད་ནང་འདྲེན་དངོས་མང་སྟོན་ཚོགས་སོགས་སྒོ་དབྱེའི་ལས་སྟེགས་བརྒྱུད་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོར་ཚོང་ལས་གོ་སྐབས་འཚོལ་བར་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ཕྱི་ཕྱོགས་ཚོང་དོན་འཕར་བའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་རྒྱལ་སྤྱིའི་ཚོང་དོན་འཕར་རྒྱུ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན། ཀྲུང་གོས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་ལས་རྣམ་གསར་པ་དང་བྱེད་ཐབས་གསར་པའི་འཕེལ་རྒྱས་མྱུར་པོར་སྐུལ་འདེད་བཏང་སྟེ། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་ཀྱི་ཡིན། ཀྲུང་གོས《ནང་འདྲེན་གཏན་འགོག་དང་ནང་འདྲེན་ལག་རྩལ་ལ་ཚད་བཀག་བཟོ་བའི་དཀར་ཆག》ཉུང་དུ་བཏང་ནས་ལག་རྩལ་གྱི་རྒྱུ་རྐྱེན་གཙོ་བོ་རྒྱལ་མཚམས་བསྒྲལ་ནས་རང་མོས་འཁོར་རྒྱུག་ལ་ཁོར་ཡུག་བཟང་པོ་གཏོད་ཀྱི་ཡིན།
     གསུམ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་རྒྱུ། ཀྲུང་གོས་རིམས་ནད་ཀྱི་གནས་ཚུལ་ཐོན་རྗེས་བཏོན་པའི་དཀའ་ངལ་ཐག་གཅོད་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་གིས་ཀྲུང་གོའི་མངའ་ཁོངས་སུ་ཐོ་འགོད་བྱས་པའི་ཁེ་ལས་ཚང་མར་ལྟ་སྟངས་གཅིག་པ་འཛིན་གྱི་ཡོད། འདི་ལོ་ཀྲུང་གོས་ཕྱི་རྒྱལ་ཚོང་པའི་མ་དངུལ་ལ་བཅའ་ཁྲིམས་དང་འབྲེལ་ཡོད་ལེ་ལག་ཚང་བའི་ཁྲིམས་སྲོལ་ལག་ལེན་བསྟར་ནས་ཕྱི་རྒྱལ་གྱི་ཚོང་པའི་མ་དངུལ་འཇོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་སྔར་བས་ཉུང་དུ་བཏང་ཡོད། ཀྲུང་གོས་ཡོངས་བསྒྲགས་ཁ་གསལ་གྱི་ཕྱི་འབྲེལ་བཅའ་ཁྲིམས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་དང་ཕྱི་ཕྱོགས་མ་རྩའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་ཞབས་འདེགས་སྤུས་ལེགས་ལ་བརྟེན་ནས་དེ་བས་ལེགས་པའི་ཁོར་ཡུག་གཏོད་ཀྱི་ཡིན།
     བཞི། ཕྱོགས་གཉིས་དང་། ཕྱོགས་མང་། ས་ཁོངས་མཉམ་ལས་བཅས་གཏིང་ཟབ་ཏུ་གཏོང་རྒྱུ། ཀྲུང་གོས་རྒྱལ་ཁབ་དེ་བས་མང་བ་དང་མཉམ་དུ་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་གྲོས་ཆོད་ལ་མིང་རྟགས་འགོད་པ་དང་། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་མིང་རྟགས་མགྱོགས་མྱུར་འགོད་པར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཡོ་རོབ་ཀྱི་མ་དངུལ་གྲོས་ཆོད་དང་། ཀྲུང་རི་ཧན་སོགས་རང་མོས་ཚོང་དོན་གྲོས་ཆོད་གྲོས་མོལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ནས་འཛམ་གླིང་དང་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ལ་ཧུར་ཐག་ཞུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཀྱི་ལམ་སྲོལ་མཉམ་ལས་ལ་ཧུར་ཐག་ཞུགས་ཀྱི་ཡིན། ཀྲུང་གོས་འབྲེལ་ཡོད་རྒྱལ་ཁབ་དང་སྤུས་ཚད་ལེགས་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་སྐུལ་འདེད་གཏོང་གི་ཡིན།
     མཇུག་ཏུ་ཞི་ཅིན་ཕིང་གིས་ཀྲུང་གོ་བའི་ངག་རྒྱུན་དུ“ལྕགས་རི་རིང་པོར་མ་སླེབས་ན་ཕོ་རྒོད་མིན”ཞེས་ཤོད་སྲོལ་ཡོད། མིག་སྔར། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་འགྲན་སློང་དྲག་པོ་ཕྲད་ཡོད་པས། ང་ཚོས་ཡིད་ཆེས་བརྟན་པོ་དང་། བློ་སྟོབས་ཆེར་སྐྱེད། དུས་ངལ་མཉམ་སེལ་བཅས་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་སྒོ་མོ་འབྱེད་རིང་གོ་སྐབས་སྐྲུན་པ་དང་མཉམ་ལས་བྱེད་རིང་དཀའ་གནད་བསལ་ཏེ་ལག་གདང་སྦྲེལ་ནས་མིའི་རིགས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་གསུངས་པ་རེད།

ཟླ་11ཚེས་4ཉིན་གྱི་དགོང་མོ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་འགོ་ཚུགས་མཛད་སྒོ་ཧྲང་ཧའེ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།
ཟླ་11ཚེས་4ཉིན་གྱི་དགོང་མོ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་འགོ་ཚུགས་མཛད་སྒོ་ཧྲང་ཧའེ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

  
style="display:none;"