མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་
ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་06ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཁྱབ་བསྒྲཌ་བྱས་པར། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར། ཟླ་11ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུཌ་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོཌ་འདུ་ཐེངས་ཉི་ཤུ་པར་ཞུཌ་རྒྱུ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད།
     ད་རེས་ཀྱི་ཚོགས་འདུ་དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སུས་གཙོ་གཉེར་བྱས་ཏེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོག་རྒྱུ་ཡིན་པ་རེད།

  
style="display:none;"