འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་5ཉིན།

༄༅༎རབས་གསུམ་པའི་རྒྱུད་འདྲེས་ཆུ་འབྲས་སྔ་འདེབས་ཕྱི་འདེབས་དུས་ཚིགས་གཉིས་ཀྱི་མུའུ་རེའི་ཐོན་འབབ་སྤྱི་རྒྱ་1500ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་05ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁྲང་ཧྲ་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་2ཉིན་ཧུའུ་ནན་ཧེང་ནན་གྱི་དུས་ཚིགས་གཉིས་ཀྱི་ཕྱི་འདེབས་ཆུ་འབྲས་ཚོད་ལྟའི་དཔེ་སྟོན་རྟེན་གཞི་ནས་གཏམ་བཟང་ཞིག་གྲགས་ཤིང་། ཡོན་ལུང་ཕིང་ཡོན་ཧྲི་ཚོགས་པས་གསོ་སྤེལ་བྱས་པའི་རབས་གསུམ་པའི་རྒྱུད་འདྲེས་ཆུ་འབྲས“ལེགས་གསུམ་རྟགས་ཅན་དང་པོའི”ཐོན་འབབ་ཚོད་རྩིས་འབྲས་བུ་ཡོངས་བསྒྲགས་བྱས་པར། ཕྱི་འདེབས་ཆུ་འབྲས་ཀྱི་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་911.7ཟིན་པའི་ཁར། འདི་ལོའི་ཟླ་7པར་ཚོད་རྩིས་བྱས་པའི་སྔ་འདེབས་ཆུ་འབྲས་ཀྱི་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་619.06ཟིན་ཡོད། དེ་ཐོག་ནས་རབས་གསུམ་པའི་རྒྱུད་འདྲེས་ཆུ་འབྲས་སྔ་འདེབས་ཕྱི་འདེབས་དུས་ཚིགས་གཉིས་ཀྱི་ཆུ་འབྲས་སྤྱི་རྒྱ་1530.76ཟིན་པ་དང་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་1500ལྷག་ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟོན་ཐོ་གསར་པ་གཏོད་པ་མཚོན་གྱི་ཡོད།