འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་5ཉིན།

༄༅།།ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་དུ་དག་བཤེར་འཕུར་སྐྱོད་བྱེད་འགོ་ཚུགས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་04ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་དུ་དག་བཤེར་འཕུར་སྐྱོད་བྱེད་འགོ་ཚུགས།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་11ཚེ་3ཉིན་གྱི་ཆུ་ཚོད་10དང་སྐར་མ་10ཐོག ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་མཁའ་ལམ་དོ་དམ་སྟེགས་བུའི་དོ་དམ་མི་སྣས་བཀའ་བརྡ་བཏང་བ་དང་། སའེ་སི་ན་འཕུར་སྐྱོད་དག་བཤེར་གནམ་གྲུ560བརྟན་ལྷིང་ངང་ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་ནུབ་ཕྱོགས་ཀྱི་རྒྱུག་ལམ་དུ་བབས་པ་རེད། འདི་ཡིས་ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་ལམ་དོ་དམ་དང་མཁའ་འགྲུལ་རམ་འདེགས་སྒྲིག་ཆས་འཕུར་སྐྱོད་དག་བཤེར་ལས་དོན་དངོས་སུ་འགོ་འཚུགས་པ་མཚོན། 
   གསར་འགོད་པས་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་གྱི་མཁའ་ལམ་འགྲིམ་འགྲུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། གནམ་ཐང་སྒྲིག་ཆས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་འཕུར་སྐྱོད་དག་བཤེར་ལས་དོན་ནི་གནམ་ཐང་དུ་དུས་བཀག་ལྟར་གནམ་གྲུ་གཏོང་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་རེད། ཐེངས་འདིའི་གནམ་གྲུ་བཤེར་འཕུར་སྔོན་རྩིས་བྱས་ན་ཉིན་30བར་རྒྱུན་བསྲིང་རྒྱུ་དང་། མཁའ་ལམ་དོ་དམ་སྒྲིག་ཆས་ཀྱིས་རིམ་རྩིས་འཕུར་སྐྱོད་དུས་ཡུན་ཚོད་དཔག་བྱས་ན་ཆུ་ཚོད་92ཡིན་ཞིང་། གནམ་ཐང་གི་གློག་འོད་དང་འཕུར་སྐྱོད་གོ་རིམ་སྔོན་རྩིས་བྱས་ན་ཆུ་ཚོད་35ཡིན་པ། དཔྱད་ཆས་ས་འབབ་དང་འཕུར་སྐྱོད་ཚན་པའི་དག་བཤེར་80ལ་ཉེ་བ་དང་། རང་འགུལ་ཅན་གྱི་རྒྱུད་ཁོངས་ར་སྤྲོད་འཕུར་སྐྱོད་ ཐེངས་2། གནམ་ཐང་ནས་བྲལ་བའི་འཕུར་སྐྱོད་གོ་རིམ་50ལ་ཉེ་བ་ཞིབ་བཤེར་ར་སྤྲོད་བཅས་ལེགས་འགྲུབ་བྱུང་རྒྱུ་རེད།
   ད་ཐེངས་དག་བཤེར་འཕུར་སྐྱོད་ཀྱི་ཕྱོགས་སྟོན་དང་། འཕྲིན་གཏོང་། ལྟ་ཞིབ་སོགས་ཀྱི་སྒྲིག་ཆས་གནམ་ཐང་གི་དུས་གཏན་གནམ་གྲུའི་བདེ་འཇགས་འཁོར་སྐྱོད་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ལྷག་པར་དུ་ཕྱོགས་སྟོན་མ་ལག་ཁྲོད་ཀྱི་དཔྱད་ཆས་ས་ཐོག་ཏུ་འབབ་པའི་མ་ལག་སྟེ་དེར་རྒྱུན་དུ་“ལོང་མཆོང་”མ་ལག་ཟེར་ཞིང་། གནམ་གྲུ་ས་ཐོག་ཏུ་འབབ་པའི་བརྒྱུད་རིམ་ཁྲོད། དེས་གནམ་གྲུར“ཕྱོགས་སྟོན”བརྡ་རྟགས་མཁོ་འདོན་བྱས་ནས་བདེ་འཇགས་དང་ཡང་དག་པའི་བརྒྱུད་ལམ་ཞིག་འཛུགས་པ་བརྒྱུད། བདེ་འཇགས་ངང་མར་འབབ་ཐུབ་པར་འགན་ལེན་ཏན་ཏིག་བྱེད་ཀྱི་ཡོད། ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ནུབ་ཀྱི་རྒྱུག་ལམ་དང་ཤར་གྱི་རྒྱུག་ལམ་གྱི་འབབ་ཡུལ་གཙོ་བོར་ད་ལྟའི་བར་འཛམ་གླིང་ཐོག་རིམ་པ་མཐོ་ཤོས་ཀྱི་དཔྱད་ཆས་ས་འབབ་མ་ལག་བཙུགས་ཡོད། དག་བཤེར་འཕུར་སྐྱོད་ནི་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་“འཕུར་”ཐུབ་པའི་གནད་འགག་ཆེ་ཤོས་དེ་ཡིན། ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་འཛུགས་སྐྲུན་ཚན་པ་ཁག་གིས་ལས་གྲྭའི་འཛུགས་སྐྲུན་དང་འཁོར་སྐྱོད་གྲ་སྒྲིག་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་བྱས་ཏེ་ཚོད་ལྟའི་འཕུར་སྐྱོད་དང་ནང་སྦྱོང་སོགས་ཀྱི་རྗེས་མཐུད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15828725.html)
【1】  【2】
༄༅།།ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་དུ་དག་བཤེར་འཕུར་སྐྱོད་བྱེད་འགོ་ཚུགས།