མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལ་ཞུགས་སྐབས་ནན་བཤད་གནང་དོན།
རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤུས་ཚད་མཐོ་བའི་
འཕེལ་རྒྱས་ལ་ཡང་དག་པའི་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་04ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་2ཉིན་པེ་ཅིང་གི་ཀྲུང་ནན་ཧའེ་རུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལ་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཡོངས་བཤེར་མི་སྣའི་དྲི་བར་ལན་བསྐྱོན་བཞིན་པ།

ཟླ་11ཚེས་2ཉིན་པེ་ཅིང་གི་ཀྲུང་ནན་ཧའེ་རུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལ་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཡོངས་བཤེར་མི་སྣའི་དྲི་བར་ལན་བསྐྱོན་བཞིན་པ། 

     ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་མི་འབོར་ཡོངས་བཤེར་གྱི་ཐོ་འགོད་ལ་ཞུགས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལས་དོན་རྒྱལ་ཡོངས་སུ་སྤེལ་མུས་ཡིན་པའི་ཚེས་2ཉིན་གྱི་ཕྱི་དྲོ་པེ་ཅིང་གི་ཀྲུང་ནན་ཧའེ་རུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མི་འབོར་ཡོངས་བཤེར་གྱི་ཐོ་འགོད་ལ་ཞུགས་པ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་འབོར་ལས་དོན་དང་མི་འབོར་ཡོངས་བཤེར་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། རང་རྒྱལ་ནི་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། མི་འབོར་གྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གནད་དོན་ཞིག་རེད། མི་འབོར་ཡོངས་བཤེར་ལོ་10ལ་ཐེངས་རེ་བྱེད་ཀྱི་ཡོད། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་71འཁོར་བའི་ལོ་ཞིག་ཡིན་ལ་མི་འབོར་ཡོངས་བཤེར་བྱེད་ཐེངས་བདུན་པའང་ཡིན། གོང་གི་མི་འབོར་ཡོངས་བཤེར་ཐེངས་6ལ་མི་འབོར་བསྡོམས་རྩིས་ཀྱི་གྲངས་གཞི་ཞིབ་ཕྲ་འབོར་ཆེན་ཐོབ་ནས་ཏང་དང་རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་མི་འབོར་སྲིད་ཇུས་སོགས་བཟོ་བར་ནུས་པ་གལ་ཆེན་ཐོན་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པ་ནི་དུས་རབས་གསར་པར་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་ཐེངས་ཤིག་བྱས་པ་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ལ་འགྱུར་ལྡོག་མངོན་གསལ་དོད་པོ་འགའ་ཞིག་བྱུང་སྟེ་མི་འབོར་མང་བའི་གནོན་ཤུགས་འཕྲད་ཡོད་ལ། མི་འབོར་གྱི་གྲུབ་ཚུལ་འགྱུར་ལྡོག་ཕྱིན་པའི་འགྲན་སློང་ཡང་འཕྲད་ཡོད། ད་རེས་ཀྱི་མི་འབོར་ཡོངས་བཤེར་བྱས་པ་བརྒྱུད་རང་རྒྱལ་གྱི་མི་འབོར་གྱི་གྲངས་འབོར་དང་། གྲུབ་ཚུལ། ཁྱབ་ཚུལ་སོགས་ཐད་ཀྱི་གནས་ཚུལ་མཐིལ་རྟོགས་གསལ་པོ་བྱས་ཏེ། མི་འབོར་གྱི་འགྱུར་ལྡོག་དང་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་ཡང་དག་བྱེད་དགོས། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་མི་འབོར་ཡོངས་བཤེར་ལས་དོན་ཡག་པོ་སྒྲུབ་པར་རྒྱ་ཆེའི་ཡོངས་བཤེར་མི་སྣས་འབད་བརྩོན་དེ་བས་མང་བ་བྱེད་དགོས་པ་དང་སྤྱི་ཚོགས་ཡོངས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་དེ་བས་ལྷག་པ་བྱེད་དགོས། ཟླ་11ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཡོངས་བཤེར་མི་སྣ་ཁྲི་700ལྷག་ཙམ་གྱིས་དུད་ཚང་རེ་རེ་དང་མི་རེ་རེ་བཞིན་ཐོ་འགོད་བྱེད་འགོ་ཚུགས་ཡོད། ཚང་མས་རྒྱུན་རྣམ་ཅན་གྱི་རིམས་འགོག་བླང་བྱར་བརྩི་སྲུང་ཞུ་བ་དང་ཆབས་ཅིག་རང་ཁྱིམ་གྱི་སྒོ་མོ་ཡངས་པོར་ཕྱེ་ནས་ཡོངས་བཤེར་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། ཡོངས་བཤེར་གྱི་ནང་དོན་ཇི་མ་ཇི་བཞིན་སྙན་སེང་ཞུས་ནས་ཁྲིམས་ལྟར་འགན་འཁྲི་དང་འོས་འགན་སྒྲུབ་དགོས། རིམ་ཁག་ཡོངས་བཤེར་སྒྲིག་གཞི་དང་ཡོངས་བཤེར་མི་སྣས་ཚན་རིག་དང་མཐུན་པའི་ཡོངས་བཤེར་དང་ཁྲིམས་ལྟར་ཡོངས་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དེ་བས་ཚན་རིག་དང་མཐུན་པ་དང་། དེ་བས་གནད་ལ་འཕིགས་པ། དེ་བས་ཞིབ་ཚགས་བཅས་ཀྱི་སྒོ་ནས་ལས་དོན་ཡག་པོ་བསྒྲུབས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་བཤེར་ལས་འགན་ལེགས་སྒྲུབ་བྱེད་དགོས། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུང་ནན་ཧའེ་རུ་མི་འབོར་ཡོངས་བཤེར་ཐོ་འགོད་ལ་ཁག་སོ་སོར་ཞུགས་པ་རེད། རང་རྒྱལ་གྱི་མི་འབོར་ཡོངས་བཤེར་ལོ་བཅུ་རེར་ཐེངས་རེ་སྤེལ་གྱི་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པ་དེ་2020ལོའི་ཟླ་11ཚེས་1ཉིན་ནས་ཟླ་12ཚེས་10ཉིན་བར་དུད་ཚང་ནང་བསྐྱོད་ནས་ཐོ་འགོད་བྱ་རྒྱུ་དང་2021ལོའི་ཟླ་4པ་ནས་བཟུང་ཡོངས་བཤེར་གྱི་གྲངས་གཞི་གཙོ་བོ་རིམ་བཞིན་ཁྱབ་བསྒྲགས་བྱ་རྒྱུ་རེད།

  
style="display:none;"