འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་4ཉིན།

༄༅༎ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཁུལ་དུ་རིམ་རྩིས་བྱས་ན་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་340ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་04ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན་བར་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཁུལ་གྱི་དུས་ཐེངས་དང་པོའི་ལས་གྲྭས་ཆུ་བེད་པུས་གཤམ་སྤྲོད་བྱས་པའི་2019ནས་2020ལོའི་བར་གྱི་ཆུ་མཁོ་འདོན་གྱི་ལོ་འཁོར་གྱི་ཆུའི་ཚད་གཞི་ལེགས་སྒྲིག་འཆར་གཞི་ལེགས་གྲུབ་ཚད་བརྒལ་ཟིན་ནས་ལས་གྲྭའི་ལམ་རྒྱུད་ཀྱི་ཧོ་ནན་དང་། ཧོ་པེ། པེ་ཅིང་། ཐེན་ཅིང་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞིར་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་86.22མཁོ་འདོན་བྱས་ནས་ལོ་འཁོར་གྱི་ཆུའི་ཚད་གཞི་ལེགས་སྒྲིག་གི་སྤྱིའི་འཆར་གཞིའི་117%ཟིན་ཡོད་པ་རེད།
     ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཁུལ་གྱི་ལས་གྲྭར་2014ལོའི་ཟླ་12ཚེས་12ཉིན་ཆུ་དངོས་སུ་ཤར་གཏོང་ཐུབ་ཚུན། ཉིན་2151བདེ་འཇགས་དང་བརྟན་ལྷིང་ངང་གཉེར་སྐྱོང་ཐུབ་པ་དང་། རིམ་རྩིས་བྱས་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་340.53དྲངས་ནས་ལམ་རྒྱུད་ཀྱི་གྲོང་ཁྱེར་ཆེ་འབྲིང་24དང་རྫོང་130ལྷག་ཙམ་ལ་ཕན་པ་ཐོབ་ནས་ཐད་ཀར་ཕན་པ་འཐོབ་མཁན་གྱི་མི་འབོར་ཁྲི་6700ལས་བརྒལ་བ་དང་དཔལ་འབྱོར་དང་། སྣོད་བཅུད། སྤྱི་ཚོགས་སོགས་ཕྱོགས་བསྡུས་ཕན་འབྲས་ཐོན་ཚད་མངོན་གསལ་དོད་པོ་བྱུང་ནས་བྱང་ཕྱོགས་ཀྱི་ཆུའི་ཐོན་ཁུངས་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་ནུས་ལྡན་སོང་ཡོད།
     ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་ཆུའི་ཚད་གཞི་ལེགས་སྒྲིག་གི་ལོ་འཁོར་ནི་ལོ་རེའི་ཟླ་11ཚེས་1ཉིན་ནས་ལོ་རྗེས་མའི་ཟླ་10ཚེས་31ཉིན་བར་ཡིན་ཞིང་། 2019ནས་2020ལོའི་བར་གྱི་ཆུ་མཁོ་འདོན་གྱི་ལོ་འཁོར་ནང་ཆུ་བེད་པུས་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སྒྲིག་བྱས་ཏེ་དབུས་རྒྱུད་ཁུལ་གྱི་ལས་གྲྭའི་ལོ་འཁོར་གྱི་དོན་དངོས་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་86.22ཟིན་ཏེ་ལོ་མང་འཆར་བཀོད་བྱས་པའི་ཆ་སྙོམས་ཆུ་མཁོ་འདོན་གྱི་གཞི་ཁྱོན་ལས་བརྒལ་བ་ལས། ལས་གྲྭ་འཁོར་སྐྱོད་ལོ་དྲུག་བྱས་རྗེས་ཕན་འབྲས་དངོས་སུ་ཐོན་པ་མཚོན་ཡོད།