འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་3ཉིན།

༄༅༎ཡོན་ལུང་ཕིང་ཚོགས་པའི་ལོ་རེར་ཐེངས་གཉིས་རེ་སྨིན་པའི་རྒྱུད་འདྲེས་ཆུ་འབྲས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་1500ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་03ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་11ཚེས་2ཉིན་རྒྱུད་འདྲེས་ཆུ་འབྲས་རབས་གསུམ་པ“སན་ཡོ་དང་པོའི”ཧེང་ནན་ཚོད་ལྟའི་དཔེ་སྟོན་རྟེན་གཞིའི་ཐོན་འབབ་ཚད་ལེན་བྱ་ཡུལ་དུ་པར་བླངས་པའི་བརྔ་བསྡུ་བྱེད་རན་པའི་ཆུ་འབྲས་ཡིན།
འདི་ནི་ཟླ་11ཚེས་2ཉིན་རྒྱུད་འདྲེས་ཆུ་འབྲས་རབས་གསུམ་པ“སན་ཡོ་དང་པོའི”ཧེང་ནན་ཚོད་ལྟའི་དཔེ་སྟོན་རྟེན་གཞིའི་ཐོན་འབབ་ཚད་ལེན་བྱ་ཡུལ་དུ་པར་བླངས་པའི་བརྔ་བསྡུ་བྱེད་རན་པའི་ཆུ་འབྲས་ཡིན།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་2ཉིན། ཧུའུ་ནན་ཞིང་ཆེན་ཧེང་དབྱང་གྲོང་ཁྱེར་ཧེང་ནན་རྫོང་ཆིང་ཀྲུའུ་གྲོང་ཚོར“རྒྱུད་འདྲེས་ཆུ་འབྲས་ཀྱི་ཡབ་ཆེན”ཞེས་པའི་ཡོན་ལུང་ཕིང་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི་ལོ་རེར་ཐེངས་གཉིས་རེ་སྨིན་པའི་རྒྱུད་འདྲེས་ཆུ་འབྲས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་1500ལས་བརྒལ་ཡོད། དེའི་ནང་གི་ཕྱི་སྨིན་འབྲས་ཀྱི་རིགས་རྒྱུད་ནི་རབས་གསུམ་པའི་རྒྱུད་འདྲེས་ཆུ་འབྲས་ཡིན།
     ད་ལོའི་རིམས་ནད་དང་གནོད་འཚེའི་ཕོག་ཐུག་མང་པོའི་འོག འདི་ལྟ་བུའི་ཐོན་འབབ་ཚད་ལེན་གྱི་འབྲས་བུ་ནི་ལས་སླ་པོར་བྱུང་བ་ཞིག་མིན་ལ། “རིན་ཐང་ལྡན་ཚད”ཆེན་པོ་ཡོད་པ་རེད། ཐོན་འབབ་ཚད་ལེན་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཚོགས་དཔོན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཞེ་ཧྭ་ཨན་གྱིས“ཆུ་འབྲས་མང་པོ་འདི་འདྲ་གྲལ་འགྲིག་ཅིང་ཡིད་དབང་འཕྲོག་པར་སྐྱེས་ཡོད་པས། ཚང་མས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཡོན་ལུང་ཕིང་ཚོགས་པའི་གསར་གཏོད་གྲུབ་འབྲས་ལ་སྤོབས་པ་སྐྱེ་ཡི་ཡོད”ཅེས་བརྗོད།
     ཚེས་2ཉིན་གྱི་སྔ་དྲོ། ཆིང་ཀྲུའུ་གྲོང་ཚོར་གནས་པའི་རྒྱུད་འདྲེས་ཆུ་འབྲས་རབས་གསུམ་པའི“སན་ཡོ་དང་པོའི”ཚོད་ལྟའི་དཔེ་སྟོན་རྟེན་གཞིར་ཆར་པ་སིམ་སིམ་བབས་བཞིན་ཡོད་ཀྱང་མི་རྣམས་ཀྱི་ལོ་ཏོག་བསྡུ་བའི་སྤྲོ་སེམས་འགོག་ཐུབ་མེད། ས་ཞིང་3དུ་དུས་མཚུངས་སུ་འཕྲུལ་ཆས་ལ་བརྟེན་ནས་བརྔ་བསྡུ་བྱེད་འགོ་ཚུགས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་10ལྷག་ཙམ་ཡུལ་དངོས་སུ་ཐོན་འབབ་ཚད་ལེན་བྱེད་པར་ཞུགས་ཡོད་པ་རེད།
     ཐོན་འབབ་ཚད་ལེན་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཕྱི་སྨིན་འབྲས་རིགས“སན་ཡོ་དང་པོའི”མུའུ་རེའི་ཐོན་ཚད་སྤྱི་རྒྱ་911.7ཟིན་ཡོད་པ་ཞིབ་དཔྱད་གཏན་འཁེལ་བྱས་པ་རེད། དེ་གོང་རྟེན་གཞི་གཅིག་པར་འདེབས་འཛུགས་བྱས་པའི་སྔ་སྨིན་འབྲས་ཀྱི་མུའུ་རེའི་ཐོན་ཚད་ནི་སྤྱི་རྒྱ་619.06ཡིན། དེ་ཐོག་ནས་ལོ་རེར་ཐེངས་གཉིས་རེ་སྨིན་པའི་འབྲས་ཀྱི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་1530.76ཟིན་ནས“སྤྱི་རྒྱ་1500ཡི་ཐོན་ཚད་མཐོ་བའི་འགག་སྒྲོལ”གྱི་དམིགས་ཚད་མངོན་འགྱུར་བྱུང་བ་མཚོན་ཡོད།
     ཁྲང་ཧྲ་རུ་གནས་པའི་ཧུའུ་ནན་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་ལྟེ་གནས་སུ་ལོ་90ལ་སླེབས་པའི་ཡོན་ཧྲི་ཡོན་ལུང་ཕིང་གིས་ཐོན་འབབ་ཚད་ལེན་བྱ་ཡུལ་དུ་5Gབརྙན་ལམ་སྦྲེལ་མཐུད་བྱས་པ་རེད། ཡོན་ལུང་ཕིང་གིས། “རྒྱ་མ་3000ཟིན་པའི་ཐོག་ནས་ལོ་ཏོག་འོག་ཏུ་བསིལ་སྡོད་བྱེད་པའི་རྨི་ལམ’དང་དེ་བས་ཐག་ཉེ་བ་མཚོན་ཡོད”ཅེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། རབས་གསུམ་པའི་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་དེ་ཡོན་ལུང་ཕིང་གིས་མུའུ་རེའི་ཐོན་འབབ་ཀྱི“གནམ་གཅལ”ལྟ་བུ་ལས་བརྒལ་བའི་འགག་རྩར་བརྩིས་ཀྱི་ཡོད། རིགས་གཅིག་མཁས་ཅན་གྱིས་རབས་གསུམ་པའི་རྒྱུད་འདྲེས་ཆུ་འབྲས་ཀྱི“གཞི་རྒྱུ་སྟོབས་ཆེ་བ”སྟེ། ཐོན་འབབ་མཐོ་ཞིང་། ནད་གྲང་འགྱེལ་གསུམ་འགོག་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།
     ཧུའུ་ནན་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཡུས་ཀྲུའུ་ཡིས། ད་ལོའི་ལྷོ་ཕྱོགས་ཀྱི་ཆུ་འབྲས་ཐོན་ཁུལ་དུ་དྲོད་ཚད་ཤིན་ཏུ་དམའ་ཞིང་ཉི་འོད་ཧ་ཅང་ཉུང་བའི་གནམ་གཤིས་དང་འཕྲད་ཡོད། རབས་གསུམ་པའི་རྒྱུད་འདྲེས་ཆུ་འབྲས་རིགས་ཀྱི་མངོན་ཚུལ་བལྟོས་བཅས་ཀྱི་བརྟན་པོ་བྱུང་བས་ཚོད་བགམ་ཐེག་ཐུབ་པ་བྱུང་ཡོད་ཅེས་བརྗོད་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15828623.html)
【1】  【2】
ཟླ་11ཚེས་2ཉིན།རྒྱུད་འདྲེས་ཆུ་འབྲས་རབས་གསུམ་པ“སན་ཡོ་དང་པོའི”ཧེང་ནན་ཚོད་ལྟའི་དཔེ་སྟོན་རྟེན་གཞིར་རིགས་གཅིག་མཁས་ཅན་རྣམས་ཀྱིས་ཆུ་འབྲས་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།
ཟླ་11ཚེས་2ཉིན།རྒྱུད་འདྲེས་ཆུ་འབྲས་རབས་གསུམ་པ“སན་ཡོ་དང་པོའི”ཧེང་ནན་ཚོད་ལྟའི་དཔེ་སྟོན་རྟེན་གཞིར་རིགས་གཅིག་མཁས་ཅན་རྣམས་ཀྱིས་ཆུ་འབྲས་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།