འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་3ཉིན།

༄༅།།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི། གླུ་དབྱངས་སྙན་པོ་འདི་ནས་གྲགས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་03ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཡུན་ནན་དྲ་བའི་གསར་འགོད་པ། ཀྲུའུ་ཆིང་རན།
   ཤར་ཕྱོགས་རི་ཚོགས་ཀྱི་བར་དུ་ཆགས་པའི་བདེ་ཆེན་ནི་གཏན་འཇགས་དང་། ཞི་བདེ། ཁུ་སིམ་བཅས་ཀྱི་གནས་ཤིག་རེད། ད་ཆ་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་དེ་ཉིད་ཁྱོན་ཡོངས་ནས་དབུལ་སྒྲོལ་བྱུང་ཞིང་། ཡུལ་འདིར་འཚོ་བའི་བོད་རིགས་དང་འཇང་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་སེ་འབྲུའི་འབྲུ་གུ་བཞིན་དམ་པོར་སྦྲེལ་ཏེ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་དང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད། དུས་རབས་གསར་པའི་བདེ་ཆེན་གསར་པ་འཛུགས་སྐྲུན་བཅས་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་ཞིག་བརྩམས་ཡོད།
   ཤིང་ཕོར་གཅིག་གི་གཏམ་རྒྱུད། མི་རིགས་ལག་ཤེས་བཟོ་རྩལ་ཆེ་མོ་བ་མང་པོས་མཉམ་དུ་བཟོས་པ། 
    བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་སྤམ་རྩེ་རགས་གྲོང་རྡལ་དུ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་ལག་ཤེས་ཐོན་རྫས་ཤིག་ཡོད། དེ་ནི་བོད་རིགས་ཀྱི་རྒྱུན་གཏན་འཚོ་བའི་མཁོ་ཆས་ཤིག་ཡིན་པ་མ་ཟད། དེ་བས་རྒྱ་བོད་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་ལྟ་བུར་གྱུར་ཡོད། དེ་ནི་སྤམ་རྩེ་རགས་ཀྱི་ཤིང་ཕོར་རེད།
    ཤིང་ཕོར་དེ་ཡུལ་གཞན་ཙམ་མ་ཟད་ཐ་ན་འཛམ་གླིང་ས་ཕྱོགས་གང་སར་བྲིན་ཆེད། བདེ་ཆེན་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ཡེ་ཤེས་ཀྱིས་2004ལོར་སྤམ་རྩེ་རགས་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན་གྱི་ལག་ཤེས་ཐོན་རྫས་བཟོ་གྲྭ་བཙུགས་པ་དང་སྔ་རྗེས་སུ་མི་བརྒྱ་ལྷག་ཙམ་གླས་པའི་ཁྲོད་མང་ཆེ་བ་ནི་དབང་པོ་སྐྱོན་ཅན་ཡིན་པ་རེད། དེའི་ཁྲོད་ད་དུང་འགན་ལེན་ལྔའི་དུད་ཚང་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཡང་ཡོད། ཁོང་ཚོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབད་བརྩོན་བྱས་པ་བརྒྱུད། ཡོང་འབབ་གསོག་ཐུབ་ནས་རང་ཉིད་ཀྱི་རིན་ཐང་མངོན་པ་རེད།
    ད་ཆ་ཡེ་ཤེས་ཀྱི་ཐོན་རྫས་རྒྱལ་ཁབ་ཕྱི་ནང་དུ་བྲིན་ཁ་རྒྱུག་ཅིང་། ཤིང་ཕོར་དང་རྩམ་ཕོར་ཆུང་ཆུང་དེ་མི་རིགས་དབར་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུར་གྱུར་ཡོད།
བདེ་ཆེན་དུ་ཡེ་ཤེས་དང་འདྲ་བའི་མི་རིགས་ལག་ཤེས་བཟོ་རྩལ་པ་མང་པོ་ཡོད་ཅིང་། ཁོང་ཚོས་རང་རང་སོ་སོའི་ཁྱབ་ཁོངས་ནང་ལས་ལ་བརྩོན་ཏེ། རང་མི་རིགས་ཀྱི་རིག་གནས་ལ་ཁོང་ཡངས་རང་བཞིན་དེ་བས་ཆེ་བ་ལྡན་གང་ཐུབ་བྱས་ནས། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད། རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད།
   རྟེན་རྫས་བཤམས་མཛོད་ཁང་ཞིག་གི་གཏམ་རྒྱུད། 
    གསར་བརྗེའི་ས་བོན་མི་རིགས་ཁག་གི་སེམས་ཀྱི་ཞིང་སར་རྩ་བ་ཚུགས་པར་བྱས་པ།
   བདེ་ཆེན་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྡོ་རྒན་རྫོང་གནའ་གྲོང་ཟླ་འོད་ཐང་ཆེན་གྱི་བྱང་ཕྱོགས་སུ་ཡོད་པའི་རྟེན་རྫས་བཤམས་མཛོད་ཁང་དེ་ནི་ཚང་མའི་ཡིད་དབང་འཕྲོག་པ་ཞིག་ཡོད། བོད་རིགས་ཀྱི་ཉམས་འགྱུར་ལྡན་པའི་ཁང་པའི་ཐོག་བཀལ་བའི་སྒོ་བྱང་དེས་མི་རིགས་མཐུན་སྒྲིལ་དང་དམག་དམངས་མཉམ་འདྲེས་ཀྱི་གསར་བརྗེའི་ལོ་རྒྱུས་གླེང་བཞིན་མཆིས།
བདེ་ཆེན་ཀྲོའུ་དམར་དམག་རྒྱང་སྐྱོད་རྟེན་རྫས་བཤམས་མཛོད་ཁང་ནི་དམར་དམག་གི་དམག་སྡེ་ཉེར་དྲུག་པའི་བཀོད་འདོམས་པུའུ་གནས་ཡུལ་རྙིང་པའི་ཐོག་བསྐྲུན་པའི་བཤམས་སྟོན་ཁང་ཞིག་རེད། དེ་སྔ་བཤམས་སྟོན་ཁང་དེ་ནི་1984ལོའི་ཟླ་7ཚེས་1ཉིན་སྒོ་ཕྱེ་བའི“རྒྱལ་ཐང་རྫོང་གི་དམར་དམག་རྒྱང་སྐྱོད་ཀྱི་དྲན་གསོ་ཁང”ཡིན་པ་དང་ཕྱིས་སུ་2007ལོར་རིམ་སྤོར་སྒྱུར་བཀོད་བྱས་ཤིང་། འགྲེམས་སྟོན་ཚོམས་ཆེན་རྒྱས་སྐྲུན་དང་། དམར་དམག་གི་གསར་བརྗེའི་རིག་དངོས་འབོར་ཆེན་བསྡུ་རུབ་དང་འདྲ་བཟོ་བྱས་རྗེས་བསྐྱར་དུ་སྒོ་མོ་ཕྱེ་བ་རེད།
    རིན་མི་དགོས་པར་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་རྗེས་དམར་དམག་རྒྱང་སྐྱོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་ལ་ཡོང་མཁན་ལོ་རེ་བཞིན་མང་དུ་ཕྱིན་ཞིང་། 2019ལོར་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི་42ཟིན་ཡོད།
    ལོ་མང་རིང་བདེ་ཆེན་དམར་དམག་རྒྱང་སྐྱོད་རྟེན་རྫས་བཤམས་མཛོད་ཁང་གིས་གསར་བརྗེའི་སྙིང་སྟོབས་ཁྲག་རྒྱུན་ནང་སིམ་པར་བྱས་པ་མ་ཟད། འདི་ཉིད་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པར་བྱས་པ་ལས་བདེ་ཆེན་གྱི་སེམས་ཀྱི་ཉི་ཟླ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་མི་རིགས་ཁག་གི་མང་ཚོགས་ལ་བདེ་ཆེན་གྱི་གསར་བརྗེའི་ལོ་རྒྱུས་རིག་གནས་དྲིལ་བསྒྲགས་དང་། ཏང་གི་འགོ་ཁྲིད་འོག་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། དཀའ་སྤྱད་འབད་འཐབ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བཅས་བྱས་ཚུལ་གསལ་པོར་སྟོན་པའི་སྐར་ཁུང་དང་གཡུལ་ས་ལྟ་བུར་གྱུར་ཡོད།
   སྡེ་ཁུལ་ཞིག་གི་གཏམ་རྒྱུད། 
   མི་རིགས་ཁག་གི་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ།
    སྐྱིད་ལུང་སྡེ་ཁུལ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཟླ་འོད་གནའ་གྲོང་རྡོ་རྒན་རྫོང་གི་གྲུབ་ཆ་གལ་ཆེན་ཞིག་རེད། མཛེས་སྡུག་ལྡན་ལ་ངོ་མཚར་ཆེ་བའི་ས་ཆ་དེའི་ཐོག་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐུབ་ནས་སྐྱིད་ལུང་གི་གྲོང་མི་མི་རབས་མང་པོ་གསོ་སྐྱོང་བྱུང་ཡོད། བོད་རིགས་ཀྱིས་གཙོ་བོར་བྱས་པའི་མི་རིགས་6གི་མང་ཚོགས་འདི་གར་མི་རབས་ནས་མི་རབས་བར་འཚོ་གནས་དང་ཞི་མཐུན་མཉམ་གནས་བྱུང་ཡོད།
   སྡེ་ཁུལ་དུ་སྐྱོད་སྐབས། མིག་མདུན་དུ་འཆར་བ་ནི“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”དང“ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད”“བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་གཏོད”སོགས་ཀྱི་སྦྱར་ཡིག་རེད།
   སྐྱིད་ལུང་སྡེ་ཁུལ་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སྡེ་ཁུལ་གྱི་ཀྲུའུ་རེན་ཨེན་ཏེ་ཧྲེང་གིས་ངོ་སྤྲོད་བྱས་པར། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་ཆེད། སྡེ་ཁུལ་གྱི་ཕྱོགས་བསྡུས་ཐོག་ཁང་དང་ལན་ཆིའུ་སྤོ་ལོའི་ཐང་སོགས་རིམ་སྤོར་སྒྱུར་བཀོད་བྱས་ཡོད། སྡེ་ཁུལ་གྱི་ཕྱོགས་བསྡུས་ཐོག་ཁང་ནང་སྡེ་ཁུལ་གྱི་ཕྱོགས་བསྡུས་གཞུང་ལས་ཁང་དང་། ཏང་ཀྲི་པུའི་བྱེད་སྒོ་ཁང་། ཡིག་རིས་ཁང་། ཞིང་པའི་དཔེ་དེབ་ཁང་། འཆར་ལྡན་བུ་བཙའི་དྲིལ་བསྒྲགས་ཁང་སོགས་ཡོད་པ་མ་ཟད། ད་དུང་རིག་གནས་རོལ་རྩེད་ཀྱི་ཕན་བདེའི་སྒྲིག་བཀོད་ཀྱང་ཆ་ཚང་པོ་ཡོད།
    ཉེ་བའི་ལོ་ཤས་རིང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག སྐྱིད་ལུང་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྡེ་ཁུལ་འཛུགས་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ལ་བརྩིས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་སྡེ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་མགྱོགས་པོ་བཏང་བ་དང་། སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད།
    “མི་རིགས་ཁག་ནི་ཁྱིམ་ཚང་གཅིག་ལྟར་ཡིན་པས་ནང་མི་ཚང་མར་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་དགོས”བདེ་ཆེན་ཀྲོའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུ་དེ་ཉིད་དཔེ་སྟོན་ཀྲོའུ་འཛུགས་པའི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་དང་དབུལ་སྐྱོར་གསར་སྤེལ་གྱི“མཉམ་འདྲེས་གཉིས་དང་སྐུལ་འདེད་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཀྲོའུ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་འཕེལ་རྒྱས་ཀྱི་གོ་སྐབས་དང་ཕན་འབྲས་མཉམ་སྤྱོད་ཐུབ་པའི་འགན་ལེན་བྱེད་པ། མི་རིགས་ཁག་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་དགའ་ཞེན། ཕན་ཚུན་གཅེས་སྤྲས། དེ་བཞིན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད་བྱས་དང་བྱེད་བཞིན་ཡོད།