འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་1ཉིན།

༄༅༎《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》དཔེ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་01ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་མ་དང་ཀྲུང་གོའི་དཔེ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་གཙོ་འགན་ཁུར་བ་དང་། ཚོང་དོན་དཔེ་དེབ་པར་འདེབས་ཁང་གིས་འགན་འཁུར་བའི《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》དཔེ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།
     《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་དགོངས་པ་དང་ལག་ལེན་འཕེལ་རྒྱས་གཙོ་རྐང་དུ་བྱས་ནས་ཀུན་གྱིས་མོས་བསྟོད་དང་གོ་བསྐོན་བློ་འགུགས་ཟབ་པའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་67བདམས་ནས་དུས་རབས་ཕྱེད་ཙམ་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོར་རོགས་རམ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་བྱ་བ་ཆུང་ཙག་བརྩེ་བ་ཟབ་མོས་ཟིན་ཐོར་བཀོད་ཡོད།
     ཚོགས་ཞུགས་བློ་མཐུན་ཚོས། 《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་གསར་ལ་ཀློག་བདེ་ཞིང་གོ་སླ་བ་ཞིག་འདུག་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པའི་སྟོབས་ཤུགས་དང་། མི་གཤིས་ཀྱི་སྟོབས་ཤུགས། གསུང་ཚིག་གི་སྟོབས་ཤུགས་བཅས་གསོན་ཉམས་དོད་པོས་མངོན་པར་བརྟེན། “འབྱོར་འབྲིང་ལམ་དུ་མི་གཅིག་ཀྱང་མ་ལུས་པ་བྱེད་པའི”ཐུགས་འཕྲེང་ཟབ་མོ་དང“བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན་པའི”ལས་འགན་སྒྲུབ་པའི་བརྩེ་བ་ཟབ་མོ་ཏན་ཏིག་ཚོར་ཐུབ་པ་ཞིག་འདུག་ཅེས་བརྗོད།