འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་28ཉིན།

༄༅།།ཀན་སུའུ་ལིན་ཞར་ཁ་བ་ཆེན་པོ་བབས་ནས་གཞུང་ལམ་ལ་གནོད་པ་ཐེབས་འདུག

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་28ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀན་སུའུ་ལིན་ཞར་ཁ་བ་ཆེན་པོ་བབས་ནས་གཞུང་ལམ་ལ་གནོད་པ་ཐེབས་འདུག
   མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་10ཚེས་27ཉིན། མཁའ་རླུང་གྲང་མོ་དང་ལྷོ་ནུབ་དྲོད་རླན་རླུང་རྒྱུན་གྱིས་མཉམ་དུ་ཤུགས་རྐྱེན་ཐེབས་པའི་དབང་གིས། ཟླ་10ཚེས་27ཉིན། ཀན་སུའུ་ལིན་ཞ་ཁུལ་གྱི་མངའ་ཁོངས་སུ་ཁ་ཆར་འདྲེས་མ་བབས་པ་དང་། ས་ཆ་ཁག་ཅིག་ཏུ་ཁ་བ་ཆེན་པོ་བབས་ནས་ཁ་བ་བསགས་ཚད་ལི་སྨི་26ལ་སླེབས་ཡོད། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོ་མང་པོ་རུ་རིམ་པ་མི་འདྲ་བའི་འཁྱགས་རོམ་གྱི་གནོད་འཚེ་ཐེབས་ནས་ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཡོད།
   མིག་སྔའི་བར། ཁ་བ་ད་དུང་འབབ་བཞིན་ཡོད། ལིན་ཞ་གཞུང་ལམ་ཅུས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། འཕྲལ་བསྟུན་ལས་རེས་ཀྱི་རེས་སྲུང་དང་གཞུང་ལམ་ལ་སྐོར་ཞིབ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བརྒྱུད་ལམ་མང་པོ་ནས་གཞུང་ལམ་གྱི་གནས་ཚུལ་སྤེལ་བ་བརྒྱུད། གཞུང་ལམ་ཤར་གཏོང་ཡོང་བའི་འགན་སྲུང་ལས་དོན་མུ་མཐུད་བྱེད་བཞིན་ཡོད། 
    ཟླ་10ཚེས་27ཉིན། ཀན་སུའུ་ལིན་ཞ་ཁོངས་སུ་ཁ་ཆར་འདྲེས་མ་བབས་པ་དང་། ས་ཆ་ཁག་ཅིག་ལ་ཁ་བ་བསགས་ཚད་ལི་སྨི་26ཡོད། འདི་ནི་འཕྲལ་བསྟུན་ཁ་བ་ཕྱག་ཆས་ཀྱིས་ཁ་བ་ཕྱག་བཞིན་པ་རེད།
༄༅།།ཀན་སུའུ་ལིན་ཞར་ཁ་བ་ཆེན་པོ་བབས་ནས་གཞུང་ལམ་ལ་གནོད་པ་ཐེབས་འདུག