འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་27ཉིན།

༄༅།།མཐོ་སྒང་གི་རིག་རྩལ་འཁྲབ་སྟོན་ཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཐོ་སྒང་གི་རིག་རྩལ་འཁྲབ་སྟོན་ཚོགས་པ།
    མི་དམངས་དྲ་བའི་འཕྲིན། (གཅིག) དཔྱིད་གསར་དུས་ཆེན་གྱི་གནམ་གང་གི་དགོང་མོར། སི་ཁྲོན་ཞིང་ཆེན་གདང་ལ་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ལི་ཅིན་གྱིས་ཚོགས་པ་ཁྲིད་ནས་མཛོད་དགེ་རྫོང་དུ་འབྱོར་བ་རེད། ཁྱིམ་དུ་དུས་ཆེན་ལ་རོལ་མི་ཐུབ་པར་ས་མགོ་མཐོ་ལ་གྲང་ངར་ཆེ་ཞིང་གསོ་རླུང་མི་འདང་བའི་མགྲོན་ཁང་ནང་ཁོང་གིས་གྲོགས་ཚོམས་སུ་“གནམ་འོག་གི་རྒན་པ་ཚོའི་ལོ་སར་བཀྲ་ཤིས་བདེ་ལེགས་”ཞེས་པ་ཞིག་བསྐུར་ཡོད།   
   (གཉིས།) སྒྱུ་རྩལ་ཚོགས་པ་ཁྲིད་ནས་སྤྱི་ཕན་བྱེད་སྒོའི་འཚམས་འདྲི་ཞུ་བའི་འདུན་པ་ནི་ཝུན་ཁྲོན་ས་འགུལ་བྱུང་རྗེས་སུ་སྐྱེས་པ་རེད། སྐབས་དེར། ལི་ཅན་གྱི་ཕ་ཡུལ་ལི་རྫོང་དུའང་གནོད་འཚེ་ཚབས་ཆེན་བྱུང་ཡོད། ས་གནས་ཁག་གིས་རོགས་སྐྱོར་བྱེད་པའི་རྣམ་པ་མཐོང་དུས། ལི་ཅིན་གྱིས་ཀྱང་ཕ་ཡུལ་གྱི་མི་དམངས་ལ་རོགས་ཐུབ་པའི་ལས་ཀ་བྱེད་འདོད་བྱུང་བ་རེད། 
    (གསུམ།) ཉིས་སྟོང་དགུའི་ལོའི་དཔྱིད་གསར་དུས་ཆེན་ལ། ལི་ཅིན་གྱིས་སྒྱུ་རྩལ་ཚོགས་པ་ཁྲིད་ནས་གནོད་འཚེ་ཐེབས་ཁུལ་དུ་ཐེངས་དང་པོར་སྤྱི་ཕན་འཚམས་འདྲི་འཁྲབ་སྟོན་སྤེལ་བ་རེད། ཁོང་ཚོས་ས་འགུལ་ཁྲོད་ཀྱི་མྱུར་སྐྱོབ་གཏམ་རྒྱུད་བརྩམས་ཆོས་ནང་སྒྲིག་པར། འཁྲབ་སྟོན་པས་སྟེགས་བུའི་ཐོག་འཁྲབ་སྟོན་བྱེད་དུས་གཟིགས་མོ་བ་ཚོས་མིག་ཆུ་ཤོར་བཞིན་ཡོད། འཁྲབ་སྟོན་ལེགས་གྲུབ་བྱུང་བ་དེས་ལི་ཅིན་ལ་མུ་མཐུད་དུ་འཁྲབ་སྟོན་བྱེད་པའི་ཆོད་སེམས་སྐྱེས་པ་རེད། 
    (བཞི།) ཐེངས་ཤིག་ལ་སྒྱུ་རྩལ་ཚོགས་པ་རྔ་བ་རྫོང་གི་རེག་བརྡ་ས་ཚུགས་སུ་འཚམས་འདྲི་འཁྲབ་སྟོན་བྱེད་པར་ཕྱིན། ལམ་འགྲམ་དུ་ཁ་བ་སྨི་གཅིག་ཙམ་གྱི་ཟབ་ཚད་བསགས་ཡོད་ཅིང་རླུང་ཆེན་པོ་ལྡང་བཞིན་ཡོད། སྒྱུ་རྩལ་ཚོགས་པས་ལས་རེས་བྱེད་པའི་བྱ་ར་བ་གཉིས་འཁྲབ་སྟོན་ལ་ཕེབས་མ་ཐུབ་པ་ཤེས་པས། ཆེད་མངགས་བྱ་ར་བ་གཉིས་ལ་འཁྲབ་སྟོན་ཐེངས་ཤིག་བཀོད་སྒྲིག་བྱས་པ་རེད། 
    (ལྡ།) དབུལ་སྐྱོར་ནི་རིག་རྩལ་ཚོགས་པའི་འོས་འགན་གཞན་ཞིག་རེད། “འཁྲབ་སྟོན་དང་གསར་རྙེད། བསྡུ་རུབ་དང་གསོ་སྐྱོང་བྱེད་ཞོར་”གྱི་ཐབས་ཤེས་བརྒྱུད་ནས། སྒྱུ་རྩལ་ཚོགས་པས་ས་ཆ་དབུལ་ཕོངས་ནས་ཡོང་ཞིང་། གླུ་ལེན་བྲོ་འཁྲབ་ཤེས་པའི་མི་མང་པོ་གསོ་སྐྱོང་བྱེད་པ་རེད། ཁོང་ཚོས་སྒྱུ་རྩལ་ཚོགས་པ་རུ་ལས་ཀ་བྱས་ན་ཁྱིམ་གང་བོ་དབུལ་ཕོངས་ལས་སྒྲོལ་ཐུབ་ཀྱི་ཡོད།
    (དྲག) ལོ་བཅུ་ལྷག་གི་རིང་། ལི་ཅིན་གྱིས་སྒྱུ་རྩལ་ཚོགས་པ་ཁྲིད་ནས་འཁྲབ་སྟོན་སྟོང་ལྷག་བྱས་ཡོད་ཅིང་། དཀར་མཛེས་དང་རྔ་བ། ལིའང་ཧྲང་སོགས་ཤིན་ཏུ་དབུལ་བོའི་རྫོང་བཅུ་ལྷག་ཏུ་ཕྱིན་ཏེ་མང་ཚོགས་ཁྲི་ཉི་ཤུ་ལྷག་གི་བསམ་བློའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་པར་བཏང་ཡོད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་། 
http://tibet.people.com.cn/15827647.html)

【1】  【2】  【3】
༄༅།།མཐོ་སྒང་གི་རིག་རྩལ་འཁྲབ་སྟོན་ཚོགས་པ།