འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་27ཉིན།

༄༅༎བོད་ལྗོངས་ཐེན་ཧའེ་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི། ཏུང་ཧྲི་ཀྲང་
ཧོ་ལི་ཧྥུང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། བོད་ལྗོངས་ཐེན་ཧའེ་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཧོ་ལི་ཧྥུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་པ་ཡོད་པས། མིག་སྔར་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
     ཧོ་ལི་ཧྥེང་གི་ལོ་རྒྱུས་མདོར་བསྡུས།
     ཧོ་ལི་ཧྥེང་། སྐྱེས་པ། རྒྱ་རིགས། 1960ལོའི་ཟླ་2པར་སྐྱེས། ཅང་སུའུ་ནན་ཅིན་ནས་ཡིན། 1996ལོའི་ཟླ་6པར་ཏང་ནང་ཞུགས་པ་དང་། 1978ལོའི་ཟླ་3པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་དངོས་གཞིའི་སློབ་གཉེར་བརྒྱུད་རིམ་ལྡན།
     1978ལོའི་ཟླ་3པ་ནས་1982ལོའི་ཟླ་1པོའི་བར། བཅིངས་འགྲོལ་དམག་གི་དཔུང་སྡེ་ཆེ་གེ་མོའི་བརྒྱ་ཤོག་གཉིས་པའི་བཅུ་དཔོན་བྱས།
     1982ལོའི་ཟླ་1པོ་ནས་1984ལོའི་ཟླ་6པའི་བར། བོད་རང་སྐྱོང་ལྗོངས་ལྷ་ས་སྐྱེལ་འདྲེན་སྤྱི་ཁྱབ་ཀུང་སིའི་རླངས་འཁོར་རུ་ཁག་ལྔ་པའི་ལག་རྩལ་པ་བྱས།
     1984ལོའི་ཟླ་6པ་ནས་1984ལོའི་ཟླ་9པའི་བར། བོད་རང་སྐྱོང་ལྗོངས་རླངས་འཁོར་སྐྱེལ་འདྲེན་སྤྱི་ཁྱབ་ཀུང་སིའི་ཆབ་སྲིད་པུའུ་ཡི་ལས་མི་བྱས།
     1984ལོའི་ཟླ་9པ་ནས་1990ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་སྤྱི་བདེ་ཁྲུའུ་ཡི་ཁོའོ་ཡོན་བྱས།
     1990ལོའི་ཟླ་12པ་ནས་1997ལོའི་ཟླ་5པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་སྤྱི་བདེ་ཁྲུའི་ཀྲུའུ་རེན་ཁོའོ་ཡོན་བྱས།
     1997ལོའི་ཟླ་5པ་ནས་2001ལོའི་ཟླ་1པོའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་སྲུང་སྐྱོབ་ཁྲུའི་ཁྲུའུ་ཀྲང་གཞོན་པ་བྱས།
     2001ལོའི་ཟླ་1པོ་ནས་2001ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་སྒྲིག་ཨུད་ཀྱི་ཁྲུའུ་རྒན་པ་རིམ་པའི་ཧྲུའུ་ཅི་གཞོན་པ་བྱས།
     2001ལོའི་ཟླ་12པ་ནས་2003ལོའི་ཟླ་8པའི་བར། བོད་རང་སྐྱོང་ལྗོངས་ཐན་ལུའུ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་གཞོན་པ་བྱས།
     2003ལོའི་ཟླ་8པ་ནས་2005ལོའི་ཟླ་11པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་རྒན་པ་རིམ་པའི་ལས་བྱེད་པ་བྱས།
     2005ལོའི་ཟླ་11པ་ནས་2006ལོའི་ཟླ་10པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་བྱས།
     2006ལོའི་ཟླ་10པ་ནས་2011ལོའི་ཟླ་1པོའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་ཁེ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་བྱས།
     2011ལོའི་ཟླ་1པོ་ནས་2014ལོའི་ཟླ་8པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲུའུ(ཁེ་ལས་མཛུབ་ཁྲིད་ཁྲུའུ)ཀྱི་ཁྲུའུ་ཀྲང་བྱས།
     2014ལོའི་ཟླ་8པ་ནས་2015ལོའི་ཟླ་7པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་དམག་གྲབས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ(ཁྲུའུ་རིམ་པ་རྒན་པ)བྱས།
     2015ལོའི་ཟླ་7པ་ནས་2020ལོའི་ཟླ་8པའི་བར། བོད་ལྗོངས་ཐེན་ཧའེ་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་བྱས།
     2020ལོའི་ཟླ་9པར་ལས་འཁྱུར་ངལ་གསོ་བྱས། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15827630.html)