འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་27ཉིན།

༄༅།།ཤིན་ཅང་ཁ་ཧྲི་རུ་ནད་རྟགས་མེད་པའི་འགོས་མཁན་ནད་དཔེ་137བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཤིན་ཅང་ཁ་ཧྲི་རུ་ནད་རྟགས་མེད་པའི་འགོས་མཁན་ནད་དཔེ་137བྱུང་བ།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་10ཚེས་25ཉིན། ཁ་ཧྲི་ས་ཁུལ་ཧྲུའུ་ཧྥུའུ་རྫོང་དུ་ཚེས་24ཉིན་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་མེད་པའི་འགོས་མཁན་ནད་དཔེ་1བྱུང་རྗེས། ཤིན་ཅང་གིས་མགྱོགས་མྱུར་ལ་འབྲེལ་བ་དམ་ཟབ་བྱེད་མཁན་དང་། འབྲེལ་བ་དམ་ཟབ་བྱེད་མཁན་གྱིས་འབྲེལ་བ་བྱེད་པའི་མི་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པ་རེད། ཟླ་10ཚེས་25ཉིན་གྱི་ཆུ་ཚོད་14ཐོགམི་137ཞིབ་དཔྱད་ལས་གདགས་གཤིས་གྱུར་ཡོད། རིགས་གཅིག་མཁས་པས་ངོས་འཛིན་བྱེད་པ་བརྒྱུད། ཚང་མ་ནད་རྟགས་མེད་པའི་འགོས་མཁན་ཡིན་པ་རེད།
    ཟླ་10ཚེས་25ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀུའུ་ཡིང་སུའུ་ཡིས་ངོ་སྤྲོད་བྱས་པ་སྟེ། གསར་དུ་བྱུང་བའི་ནད་རྟགས་མེད་པའི་འགོས་མཁན་ཚང་མ་ཚེས་24ཉིན་ནད་གཞི་སྙན་ཞུ་བྱས་པའི་ཕ་མ་ཡོད་སའི་ཁ་ཧྲི་ས་ཁུལ་ཧྲུའུ་ཧྥུུའུ་རྫོང་བཟོ་གྲྭ་ཞིག་དང་འབྲེལ་བ་ཡོད་པ་བརྗོད།
   ངོ་སྤྲོད་བྱས་པར་གཞིགས་ན།ཁ་ཧྲི་ས་ཁུལ་དུ་ཁྱོན་བསྡོམས་མི་ཁྲི་474.65ལ་ཞིབ་དཔྱད་བྱེད་དགོས་ཤིང་།མི་ཁྲི་283.53ལ་ཉིང་སྐྱུར་དཔེ་ལེན་ཞིབ་བཤེར་བྱས་ཡོད་པ་དང་། མི་ཁྲི་33.48ཀྱི་ཞིབ་དཔྱད་འབྲས་བུ་ཐོན་ཚར་ཡོད། དེའི་ཁྲོད་དུ་ཧྲུའུ་ཧྥུའུ་རྫོང་གི་ཁྱོན་བསྡོམས་མི་ཁྲི་24.5ལ་ཞིབ་དཔྱད་བྱེད་དགོས་པ་དང་། མི་ཁྲི་24.5ལ་ཉིང་སྐྱུར་ཞིབ་དཔྱད་བྱས་ནས། མི་ཁྲི་8.6གི་འབྲས་བུ་ཐོན་པ་རེད། གོང་དུ་བཤད་པའི་གསར་འཕར་ནད་རྟགས་མེད་པའི་འགོས་མཁན་ཕུད། དེ་མིན་ཚང་མ་སྲིབས་གཤིས་ཡིན་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་། http://tibet.people.com.cn/15827629.html)
    ཟླ་10ཚེས་24ཉིན། ཁ་ཧྲི་ས་ཁུལ་ཧྲུའུ་ཧྥུུའ་རྫོང་གིས་“ཞིབ་དཔྱད་དགོས་པ་ཚང་མར་ཞིབ་དཔྱད་བྱེད་པའི”མི་སྣ་ལ་དུས་གཏན་ཐོག་ཞིབ་དཔྱད་བྱེད་བཞིན་ཡོད་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་མེད་པའི་འགོས་མཁན་1བྱུང་ཡོད། ནད་རྟགས་མེད་པའི་འགོས་མཁན་དེ་ནི་བུད་མེད་གཅིག་ཡིན་པ་དང་ལོ་17རེད།ཁ་ཧྲི་ས་ཁུལ་ཧྲུའུ་ཧྥུའུ་རྫོང་ཀྲང་མིང་ཤང་གྲོང་ཚོ་གཉིས་པའི་གྲོང་མི་རེད། ཉིན་དེར་ཁ་ཧྲིའི་གནས་ཁེལ་སྨན་ཁང་དུ་ལོགས་བཀར་བྱས་ནས་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད་པ་དང་། མིག་སྔར་ཚ་བ་རྒྱས་པ་དང་གློ་ལུད་སོགས་ནད་རྟགས་མེད་པ་རེད།
༄༅།།ཤིན་ཅང་ཁ་ཧྲི་རུ་ནད་རྟགས་མེད་པའི་འགོས་མཁན་ནད་དཔེ་137བྱུང་བ།