འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་27ཉིན།

༄༅།།ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་གི་དྲིལ་བསྒྲགས་གཟའ་འཁོར་དང་ཆད་སེལ་འགག་སྒྲོལ་གྱི་ཆེད་
དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་གི་པུའུ་འབྲེལ་མཉམ་འབྲེལ་གྲོས་ཚོགས(གཤམ་ལ་མཉམ་འབྲེལ་གྲོས་ཚོགས་ཞེས་བསྡུ་རྒྱུ)ཀྱིས་དེ་རིང་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ། སྐབས་དགུ་པའི་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་སྲིད་ཇུས་ཀྱི་དྲིལ་བསྒྲགས་གཟའ་འཁོར་དང་ཆད་སེལ་འགག་སྒྲོལ་གྱི་ཆེད་དོན་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་ཡོད།
    བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཤིན་ཀོ་པིན་གྱིས་བསྟན་དོན། འདི་ལོ་ཚུན་དུ་ས་ཁུལ་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དམངས་གཉེར་དང་ཁེ་ལས་འབྲིང་ཆུང་གི་རྩིས་དངུལ་ཆད་སེལ་གྱི་ཆེད་དོན་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཡུན་རིང་རྒྱང་ཆད་བྱས་པའི་རྩིས་དངུལ་ཁག་གཅིག་གཙང་འཇལ་བྱས་ཡོད་མོད། འོན་ཀྱང་གནས་ཚུལ་དང་གནད་དོན་གསར་པ་ཁག་གཅིག་ཐད་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་སྟེ། དཔེར་ན། ཞིང་ཆེན་ཁག་གཅིག་ལ་རིམས་ནད་ཀྱི་ཤུགས་རྐྱེན་འོག་ནོར་སྲིད་གཏོང་སྤྲོད་ཀྱི་འགལ་བ་དེ་བས་མངོན་གསལ་དོད་དུ་སོང་བ་དང་། ས་ཁུལ་ཁག་གཅིག་གི་གནས་ཚུལ་རྙིང་པ་ཐག་གཅོད་མ་ཐུབ་པར་རྩིས་དངུལ་གཙང་སེལ་བྱེད་ཀྱིན་དུ་རྒྱང་ཆད་བྱེད་པ་སོགས་ཀྱི་གནད་དོན་གསར་པ་ཐོན་བཞིན་ཡོད་པ་ལྟ་བུའོ། ས་གནས་ཁག་གིས་རྩིས་དངུལ་གཙང་སེལ་གྱི་དམིགས་ཚད་ལས་འགན་དུས་ཐོག་ཏུ་ལེགས་གྲུབ་བྱས་ཏེ། ཟླ་11པའི་ཟླ་མཇུག་གོང་དུ་རྩོད་གཞི་མེད་པའི་ཆད་དངུལ་གཙང་སེལ་མི་ཐུབ་པའི་ཞིང་ཆེན་ལ་སྐོང་འདྲིའི་བྱེད་ཐབས་ལག་བསྟར་བྱ་རྒྱུ་ཡིན་པས། འགྱངས་ཆད་བྱས་པའི་རྩིས་ཁྲར་བསྐྱར་ཞིབ་བྱ་རྒྱུར་དམ་འཛིན་གྱིས་ཆད་དངུལ་ཚང་མ་དངོས་སུ་གཙང་འཇལ་ཐུབ་པ་བྱེད་དགོས།
    ཉེ་ཆར། མཉམ་འབྲེལ་གྲོས་ཚོགས་གཞུང་དོན་ཁང་གིས་རྒྱལ་ཡོངས་ཀྱི་ཁེ་ལས་14000ལ་བརྟག་དཔྱད་བྱས་འབྲས་ལས་མངོན་གསལ། ཁེ་ལས་ལ་ཕན་པ་འདོགས་པའི་སྲིད་ཇུས་བཏོན་པར་ཁེ་ལས་བློ་ཡིད་ཚིམ་ཚད་མཐོ་རུ་སོང་བ་དང་། 2019ལོར་སྤྱི་ཡོངས་ཀྱི་ཁུར་པོ་ཅུང་ལྕི་བའི་ཁེ་ལས་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་2ཆག་པ་དང་། ཁུར་པོ་ལོ་གོང་མ་ལས་ཡང་དུ་སོང་བའི་ཁེ་ལས་ཀྱི་བསྡུར་ཚད་ལོ་གོང་མ་དང་མཚུངས་ཀྱི་ཡོད་པ་རེད།