འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་27ཉིན།

༄༅།།རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས། ཀྲུའུ་ཐིང་སོགས་2019ལོའི་ལོ་འཁོར་གྱི་
རྒྱལ་ཡོངས་གསུམ་བརྒྱད་བུད་མེད་དར་དམར་བའི་དཔེ་དམག་ལ་གཟི་བརྗིད་མཚན་སྙན་སྤྲད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུའུ་ཐིང་སོགས་ཕུལ་བྱུང་བུད་མེད(མཉམ་སྡེབ)10ལ་2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་གསུམ་བརྒྱད་བུད་མེད་དར་དམར་བའི་དཔེ་དམག་གི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
    ཁོང་ཚོ་ནི་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ“འཛམ་གླིང་གི་གཙོ་རྒོལ་པ་ཨང་དང་པོར”གྲགས་པའི་ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་ལུས་རྩལ་པ་དང་རུ་དཔོན་ཀྲུའུ་ཐིང་དང་། བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་དང་གསར་གཏོད་བྱེད་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་སྲུང་འཕྲིན་གཏོང་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་སྐོང་མཁན་དབུ་བཞུགས་རིགས་གཅིག་མཁས་ཅན་དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་སུའོ་ཞིག་གི་ཞིབ་འཇུག་པ་ཧོ་ཡོན་ཀྲི། བློ་བརྟན་འགྱུར་མེད་དང་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་མཁན་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་གྲོང་མི་སྒྲོལ་དཀར་དང་གཡང་འཛོམས(གཅེན་གཅུང་གཉིས) དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་ལོ་30ལྷག་ཙམ་རིང་རང་ཉིད་ཀྱི་བཟའ་ཟླ་དང་མཉམ་དུ་ཁེར་ཆགས་གླིང་ཕྲན་སྲུང་སྐྱོང་བྱེད་མཁན་ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲོང་ཁྱེར་ཀོན་ཡུན་རྫོང་ཁའེ་ཧྲན་གླིང་ཕྲན་ཡུལ་དམག་སོ་ལྟ་ཁང་གི་མཚན་འཛིན་སུའོ་ཀྲང་ཝང་ཧྲི་ཧྭ། རྒྱལ་ཁབ་རིམ་པའི་གྲོང་ཚོ་དབུལ་པོའི་སྣེ་ཁྲིད་དེ་དབུལ་ཕོངས་ཀྱི་རྩ་བ་དྲུངས་ནས་འབྱིན་ཏེ་མཛེས་ལྗོངས་ཁུལ་གྱི་ཐོན་ལས་སྟོབས་ཆེར་གཏོང་མཁན་ཧེ་ལུང་ཅང་ཞིང་ཆེན་ཧྲོང་ཡ་ཧྲན་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། རའོ་ཧོ་རྫོང་ཞའོ་ནན་ཧོ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ། ལས་དོན་རུ་ཁག་གི་རུ་དཔོན་བཅས་ཡིན་པའི་ལེང་ཅུས་ཀྲེན། མཚོ་དོན་ཉེན་ཟོན་ལྟ་སྐུལ་དོ་དམ་གྱི་འཐབ་ས་དང་པོ་ལོ་18བརྟན་སྲུང་བྱས་ཏེ་མཚོ་དོན་ཁྱབ་ཁོངས་ཀྱི“བུད་མེད་ཧྥུར་མོ་སིར”གྲགས་པའི་ཆུ་ཐོག་བདེ་འཇགས་བརྟན་སྲུང་ཕུའུ་ཏུང་མཚོ་དོན་ཉེན་ཟོན་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཝེ། ལོ་40ལྷག་ཙམ་རིང་ཐོག་མཐའ་བར་གསུམ་དུ་མང་ཚོགས་དང་ཉེ་བཅར་དང་དམངས་ལ་ཞབས་འདེགས་ཞུས་ནས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་མཁན་ཧྲན་ཤིས་ཞིང་ཆེན་ཤིན་ཀྲོའུ་གྲོང་ཁྱེར་ཏའེ་རྫོང་ཡུས་ཁོའུ་ཤང་ཏོན་ཅན་དབན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཀུའེ་ཀྲེན། ལོ་40ཡི་རིང་འགྱོད་སེམས་མེད་པར་རི་ཁྲོད་ཀྱི་ཁྲིད་སྟེགས་བརྟན་སྲུང་བྱེད་པ་དང་། ཕྲུ་གུ་ཚོས“ཨ་ཅག་ཀྲི་ལགས”ཞེས་པ་ནས“རྨོ་བོ་ཀྲི་ལགས”ཞེས་པའི་བར་འབོད་པའི་ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཧྥེང་ཤིན་རྫོང་ཙའོ་ཞ་གྲོང་རྡལ་པའེ་དབྱང་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་ཀྲི་གཡོད་དབྱིང་། མྱུར་བགྲོད་ལྕགས་ལམ་སྒྲིག་ཆས་ལས་རིགས་ཀྱི་ལག་རྩལ་སྣེ་ཁྲིད་པ་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ“རྗེས་སྙེག”ནས“སྣེ་ཁྲིད”བར་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་མཁན་ཀྲུང་གོ་མེ་འཁོར་ཆིང་ཏའོ་སི་ཧྥང་མེ་འཁོར་ཨ་མ་དང་འཁོར་སྒྲོམ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་ལེང་ཅན་དབྱིང་། རྡོ་རྒྱུའི་རིག་དངོས་ཀྱི་གནོད་འཚེ་བརྟག་དཔྱད་ཀྱི“ལྟ་ཉན་འདྲི་གཅོད”ཀྱི་བརྟག་ཐབས་བཞི་ཐོག་མར་བཏོད་དེ་འཛམ་གླིང་གི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་ལེགས་སྐྱེས་གལ་ཆེན་འབུལ་མཁན་ཁྲུང་ཆིང་ཏ་ཙུའུ་རྡོ་བརྐོས་ཞིབ་འཇུག་ཁང་རིག་དངོས་སྲུང་སྐྱོང་ལས་གྲྭ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་དབྱི་ལི་བཅས་རེད།
     ཉིན་དེར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སུན་ཀྲི་མེ་སོགས་མི་300ལ་རྒྱལ་ཡོངས་གསུམ་བརྒྱད་བུད་མེད་དར་དམར་བའི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། པེ་ཅིང་ཏི་ཐན་སྨན་ཁང་ནད་ལྕི་གསོ་རིག་ཚན་ཁག་སོགས་ཚན་པ་200ལ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་། http://tibet.people.com.cn/15827622.html)