འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་25ཉིན།

༄༅།།རང་རྒྱལ་གྱི་མ་རྨོས་ལོ་ཏོག་མུའུ་རེའི་ཐོན་ཚད་སླར་ཡང་ཚད་གཞི་མཐོ་ཤོས་སུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་25ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ■ དཔེ་སྟོན་ཞིང་ཁའི་མ་རྨོས་ལོ་ཏོག་མུའུ་རེའི་ཐོན་ཚད་མང་ཤོས་སྤྱི་རྒྱ་1663.25ཟིན་ཏེ་ད་བར་གྱི་སྤྱི་རྒྱ་1517.11གི་རྒྱལ་ཡོངས་ཀྱི་ཐོན་མཐོའི་ཟིན་ཐོ་གཏོར་ནས་སྤྱི་རྒྱ་146.14ཆེས་ཆེར་འཕར་བ།
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ཀྲུང་གོ་ཞིང་ལས་ཚན་རྩལ་ཁང་ནས་ཤེས་རྟོགས་བྱུང་བར། ཤིན་ཅང་ཆི་ཐའེ་རྫོང་དུ་འཚོགས་པའི་མ་རྨོས་ལོ་ཏོག་མཐུག་འདེབས་དང་ཐོན་མཐོའི་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་ལྗང་མདོག་ཐོན་སྐྱེད་ལག་རྩལ་སྤྱད་དེ་དངོས་བསྡུ་ཚད་འཇལ་དང་ས་གནས་ས་ཐོག་གི་ལྟ་སྦྱོང་ཚོགས་འདུའི་ཐོག་ཞིང་ལས་གྲོང་གསེབ་པུའི་མ་རྨོས་ལོ་ཏོག་རིགས་གཅིག་མཁས་ཅན་མཛུབ་ཁྲིད་ཚོགས་ཆུང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཀྲུང་གོ་ཞིང་ལས་ཚན་རྩལ་ཁང་ལོ་ཏོག་ཚན་རིག་ཞིབ་འཇུག་སུའོ་འདེབས་གསོ་དང་སྐྱེ་ཁམས་གསར་གཏོད་ཚོགས་པའི་མ་རྨོས་ལོ་ཏོག་མཐུག་འདེབས་དང་ཐོན་མཐོའི་དཔེ་སྟོན་ཞིང་ཁར་དངོས་བསྡུ་ཚད་འཇལ་བྱས་པ་རེད། གྲུབ་འབྲས་ལས་མངོན་པར། དཔེ་སྟོན་ཞིང་ཁའི་མ་རྨོས་ལོ་ཏོག་མུའུ་རེའི་ཐོན་ཚད་མང་ཤོས་སྤྱི་རྒྱ་1663.25ཟིན་ཏེ་ད་བར་གྱི་སྤྱི་རྒྱ་1517.11གི་རྒྱལ་ཡོངས་ཀྱི་ཐོན་མཐོའི་ཟིན་ཐོ་གཏོར་ནས་སྤྱི་རྒྱ་146.14ཆེས་ཆེར་འཕར་བ་དེ་ནི་ཚོགས་པ་དེས་རང་རྒྱལ་གྱི་མ་རྨོས་ལོ་ཏོག་ཐོན་མཐོའི་ཟིན་ཐོ་བཏོད་ཐེངས་7པ་དེ་ཡིན་པ་རེད།