འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་25ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས། “ཀྲུང་གོ་མི་དམངས་
དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་
ལོ་ངོ་70འཁོར་བའི”དྲན་གསོའི་རྟགས་མ་སྤྲད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་25ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི“ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་ངོ་70འཁོར་བའི”དྲན་གསོའི་རྟགས་མ་ཡིན་པ།
འདི་ནི“ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་ངོ་70འཁོར་བའི”དྲན་གསོའི་རྟགས་མ་ཡིན་པ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ནི་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་པ་དང་ད་ལྟ་འཚོ་ཞིང་བཞེས་པའི་དང་བླངས་དམག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་སོགས་ལ་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་ངོ་70འཁོར་བའི”དྲན་གསོའི་རྟགས་མ་སྤྲད་པ་རེད།
   དྲན་གསོའི་རྟགས་མ་ནི་ཟངས་དམར་ལ་གསེར་ཆུ་བཏང་བ་དང་དངུལ་ལས་བཟོས་པ་ཞིག་ཡིན་པ་དང་ཚངས་ཐིག་ཧའོ་སྨི་50ཡོད་པ་རེད། དྲན་གསོའི་རྟགས་མའི་ལྟེ་བའི་ཁུལ་ནི་དང་བླངས་དམག་འཐབ་འཛིང་པའི་གཟུགས་བརྙན་དང་འོད་ཐིག་70ལས་གྲུབ་ཅིང་། ཞི་བདེའི་ཕུག་རོན་དང་། ཆུ་རིས། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་ཁྱད་རྟགས་སུ་བྱས་ཏེ་བཟོས་པའི་ཞགས་རྒྱན་གྱིས་མཐའ་བཞི་སྐོར་བ་དང་ཕྱི་ངོས་སུ་སྐར་ལྔ་དང་། ཤིང་ལོ། གཡུལ་འགྱེད་ཐེངས་ལྔ་མཚོན་པའི་མདའ་རྟགས་སོགས་ཀྱི་ཁྱད་རྟགས་སྤྱད་ནས་མེ་ཏོག་ཅིན་ཏ་ལའེ་ཡི་འདབ་མ་ལྔའི་དབྱིབས་ལས་གྲུབ་པ་དེས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་ངོ་70འཁོར་བ་མཚོན་པ་དང་དེའི་སྙིང་དོན་ནི་རླབས་ཆེའི་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ནི་ཞི་བདེ་སྲུང་སྐྱོང་དང་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དྲང་བདེན་གྱི་དམག་འཁྲུག་ཅིག་ཡིན་པ་དང་། རླབས་ཆེའི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་ནི་དུས་ནམ་ཡང་ཀྲུང་གོ་མི་དམངས་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པ། རང་རྒྱལ་གྱིས་སྟོབས་ཆེའི་དགྲ་བོར་མི་སྐྲག་པ་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པ་བཅས་ཀྱི་ཆོད་སེམས་དང་གདེང་ཚོད་བརྟན་པོ་མངོན་པར་བཅས་རེད།