འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅༎ཨ་རི་ཕྱོགས་ཀྱིས་སླར་ཡང་ཀྲུང་གོའི་སྨྱན་སྦྱོར་6“ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི”རྩིས་སྤྲོད་དོ་དམ་
ཁོངས་སུ་བཅུག་པའི་ཐད་ཕྱི་འབྲེལ་པུས་ལུགས་མཐུན་དང་དགོས་ངེས་ཀྱི་རྒོལ་ལན་སློག་རྒྱུ་ཡིན་ཞེས་བསྟན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཨ་རིས་ཀྲུང་གོའི་སྨྱན་སྦྱོར་6“ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི”རྩིས་སྤྲོད་དོ་དམ་ཁོངས་སུ་བཅུག་རྒྱུ་ཁྱབ་བསྒྲགས་བྱས་པར་དམིགས་ནས། ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་དེ་ནི་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་དང་གསར་འགོད་པར་ཆབ་སྲིད་ཐོག་ནས་མགོ་གནོན་བྱེད་པ་དང་མིང་ངན་ཅན་དུ་བཟོ་བ་གསར་ཤོས་ཡིན་པས།ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལུགས་མཐུན་དང་དགོས་ངེས་ཀྱི་རྒོལ་ལན་སློག་རྒྱུ་ཡིན་ཞེས་བརྗོད།
    ཀྲའོ་ལི་ཅན་གྱིས་ཉེ་བའི་ལོ་ཤས་རིང་།ཨ་རིའི་སྲིད་གཞུང་གིས་ཀྲུང་གོའི་སྨྱན་སྦྱོར་ལས་ཁུངས་དང་མི་སྣའི་རྒྱུན་ལྡན་གསར་འགྱུར་སྤེལ་གཏོང་བྱེད་སྒོ་ལ་དོན་མེད་ཚོད་འཛིན་དང་དོན་མེད་རྙོག་བཟོ་བྱས་ནས།ཀྲུང་གོའི་སྨྱན་སྦྱོར་ལ་མཐོང་ཆུང་དང་ཆབ་སྲིད་ཐོག་ནས་མགོ་གནོན་བྱེད་ཚད་རྒྱུན་མི་ཆད་པར་རིམ་སྤོར་བྱེད་པ་རེད། 2018ལོའི་ཟླ་12པར་ཨ་རི་ཕྱོགས་ཀྱིས་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་སྒྲིག་གཞི“ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པར”ཐོ་འགོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།2020ལོའི་ཟླ་2ཚེས་18ཉིན་ཨ་རི་ཕྱོགས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་དང་།《ཀྲུང་གོའི་ཉིན་རེའི་ཚགས་པར། 》ཨ་རིའི་འགྲེམས་སྤེལ་ཀུང་སི། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས། (CGTN) ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས།《མི་དམངས་ཉིན་རེའི་ཚགས་པར》ཕྱི་རྒྱལ་པར་གཞིའི་ཨ་རིའི་སྤྱི་ཁྱབ་ལས་ཚབ(ཧའེ་ཐེན་འཕེལ་རྒྱས་ཚད་ཡོད་ཀུང་སི)བཅས་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་སྒྲིག་གཞི་5“ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི”ཁོངས་སུ་བཅུག་པ་རེད། ཟླ་6ཚེས་22ཉིན་ཨ་རི་ཕྱོགས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས(CCTV)དང་།《མི་དམངས་ཉིན་རེའི་ཚགས་པར། 》《གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར། 》ཀྲུང་གོ་གསར་འགྱུར་ཁང་བཅས་ཀྲུང་གོའི་སྨྱན་སྦྱོར་4“ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི”རྩིས་སྤྲོད་དོ་དམ་ཁོངས་སུ་སྣོན་རྒྱུ་ཁྱབ་བསྒྲགས་བྱས་པ་རེད་ཅེས་བརྗོད།
    ཁོང་གིས“ཟླ་10ཚེས་21ཉིན་ཨ་རི་ཕྱོགས་ཀྱིས་སླར་ཡང་ཀྲུང་གོའི་སྨྱན་སྦྱོར་6‘ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི’རྩིས་སྤྲོད་དོ་དམ་ཁོངས་སུ་སྣོན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་དང་གསར་འགོད་པར་ཆབ་སྲིད་ཐོག་ནས་མགོ་གནོན་བྱེད་པ་དང་མིང་ངན་ཅན་བཟོ་བ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་ལུགས་མེད་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན”ཞེས་བཤད།
ཀྲའོ་ལི་ཅན་གྱིས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་བྱེད་སྟངས་དེ་ཆེད་མངགས་ཀྲུང་གོའི་སྨྱན་སྦྱོར་ལ་དམིགས་པ་དང་། དེ་ནི་འཇམ་འཐབ་ཀྱི་བསམ་གཞིགས་དང་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་ལ་གཞིགས་པ་ཞིག་ཡིན་ལ། ཀྲུང་གོའི་སྨྱན་སྦྱོར་གྱི་སྙན་གྲགས་དང་གཟུགས་བརྙན་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་། ཀྲུང་གོའི་སྨྱན་སྦྱོར་ཨ་རིར་རྒྱུན་གཏན་འཁོར་རྒྱུག་བྱ་རྒྱུར་ཤུགས་རྐྱེན་ཚབས་ཆེན་བཟོ་བ། ཀྲུང་གོ་དང་ཨ་རིའི་རྒྱུན་གཏན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་འགོག་རྐྱེན་ཚབས་ཆེན་བཟོ་བ་བཅས་ཡིན་པས། རང་ཉིད་འུད་བསྟོད་བྱེད་པའི“གསར་འགྱུར་རང་དབང”ཟེར་བའི་གཡོ་ཟོལ་གྱི་རང་བཞིན་དམར་རྗེན་དུ་བཏོན་ཡོད།“དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ལུགས་མཐུན་དང་དགོས་ངེས་ཀྱི་རྒོལ་ལན་སློག་རྒྱུ་ཡིན”ཞེས་བརྗོད།
    ཁོང་གིས“ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འཕྲལ་དུ་བྱེད་ཐབས་བསྒྱུར་ནས་ནོར་འཁྲུལ་ཡོ་བསྲང་བྱས་ནས་ཀྲུང་གོའི་སྨྱན་སྦྱོར་ལ་ཆབ་སྲིད་ཐོག་ནས་མགོ་གནོན་དང་ལུགས་མེད་ཀྱི་ཚོད་འཛིན་བྱེད་མཚམས་འཇོག་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན”ཞེས་བཤད།