འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅།།རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་འཕར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།  རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཚེས་22ཉིན་ཉེ་ཆར་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་རིན་འགྱུར་ལྡོག་གནས་ཚུལ་ལ་གཞིགས་ཤིང་།ད་ལྟ་སྤྱོད་བཞིན་པའི་སྣུམ་གྲུབ་མའི་རིན་གོང་གྲུབ་པའི་ལམ་སྲོལ་ལྟར། 2020ལོའི་ཟླ་10ཚེས་22ཉིན་གྱི་ཆུ་ཚོད་24ནས་བཟུང་།རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོ་སྒོར་80དང་སྒོར་70འཕར་ཡོད་ཅེས་བཤད།
    རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས། ཀྲུང་ཧྲི་ཡུའུ། ཀྲུང་ཧྲི་ཧྭ། ཀྲུང་ཧའེ་ཡུའུ་བཅས་ཀུང་སི་ཆེན་པོ་གསུམ་གྱིས་གྲུབ་སྣུམ་ཐོན་སྐྱེད་དང་སྐྱེལ་འདྲེན་སྙོམས་སྒྲིག་སྒྲིག་འཛུགས་ཡག་པོ་བྱས་ནས། ཁྲོམ་རར་མཁོ་འདོན་བརྟན་འཇགས་འགན་སྲུང་དང་། རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་པོ་བྱ་དགོས་པ་དང་། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་ཀྱང་ཁྲོམ་རར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཞིབ་བཤེར་ནན་པོ་བྱས་ནས། རྒྱུན་ལྡན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས།འཛད་སྤྱོད་པས་12315སྤྱི་སྟེགས་བརྒྱུད་དེ་རིན་གོང་སྒྲིག་འགལ་གྱི་བྱ་སྤྱོད་ཐེར་འདོན་གོང་ཞུ་བྱས་ཆོག་པ་རེད་ཅེས་བཤད། རེས་འཁོར་འདིའི་གྲུབ་སྣུམ་གྱི་རིན་གོང་གོང་སྙོམ་བྱེད་པའི་དུས་ཡུན་རིང་། རྒྱལ་སྤྱིའི་སྣུམ་གོང་འཕར་ཆག་ཆེན་པོ་བྱུང་ཡོད། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་རིན་གོང་ལྟ་ཞིབ་ལྟེ་གནས་ཀྱིས་དབྱེ་ཞིབ་བྱས་མཐར། ཏོག་གསར་གློ་ཚད་རིམས་ནད་ཀྱིས་དགོས་མཁོ་ཚོད་འཛིན་དང་རྡོ་སྣུམ་གཙོ་བོ་ཐོན་སྐྱེད་རྒྱལ་ཁབ་ཀྱིས་ཐོན་འབབ་ཉུང་དུ་གཏོང་བ་ནི་སྔར་བཞིན་དུས་སྐབས་རྗེས་མའི་རྒྱལ་སྤྱིའི་སྣུམ་རིན་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་གཉིས་སུ་གྱུར་ཡོད།དུས་ཐུང་ནང་རྒྱལ་སྤྱིའི་སྣུམ་རིན་འཕར་ཆག་ཆུང་བའི་འགྲོ་ཕྱོགས་སྒྱུར་ཐུབ་པ་དཀའ་བའི་ངོས་འཛིན་བྱས་པ་རེད།