འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅༎ཀྲུང་ཨུའི་མི་ཆོས་མཉམ་ལས་ཨུ་ལྷན་སྨྱན་སྦྱོར་མཉམ་ལས་ཡན་ལག་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་དྲ་ཐོག་ཏུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། ཀྲུང་གོ་དང་ཨུ་རུ་སུའི་མི་ཆོས་མཉམ་ལས་ཨུ་ལྷན་སྨྱན་སྦྱོར་མཉམ་ལས་ཡན་ལག་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་བརྙན་ལམ་དྲ་སྦྲེལ་བརྒྱུད་ནས་འཚོགས་ཤིང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་གཙོ་འགན་འཁུར་མཁན་སྡེ་ཚན་དང་། ཀྲུང་དབྱང་དང་ས་གནས་སྨྱན་སྦྱོར། སྨྱན་སྦྱོར་གསར་པའི་སྒྲིག་གཞི་བཅས་ཀྱི་འཐུས་མི་40ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
     ཕྱོགས་གཉིས་པོས། རིམས་ནད་ཀྱི་དུས་འཇུག་ཏུ་རྒྱལ་ཁབ་གཉིས་པོའི་གཙོ་རྒྱུན་སྨྱན་སྦྱོར་གྱིས་མཐུན་སྒྲིལ་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་སྤྱིའི་དོན་ཆེན་གལ་ཆེན་ཕྱོགས་ཡོངས་དང་། དྲང་གཞག དོན་དངོས་བཅས་ཀྱི་སྒོ་ནས་སྤེལ་གཏོང་བྱེད་པ་དང་། ཆ་འཕྲིན་རྫུས་མ་དང་མིང་ཆད་བཟོ་བའི་བྱེད་སྤྱོད་ལ་ངོ་རྒོལ་དང་བཀག་འགོག་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུའི་ངོས་འཛིན་བྱས་ཡོད། ཕྱོགས་གཉིས་པོས་གསར་འགྱུར་མཉམ་ལས་དང་མི་སྣ་ཕན་ཚུན་འཚམས་འདྲི་སྤེལ་རེས་སྔར་བས་བྱེད་ཟབ་ཏུ་གཏོང་བ་དང་། ཀྲུང་ཨུའི་སྤུས་རྟགས་སྨྱན་སྦྱོར་བྱེད་སྒོ་མུ་མཐུད་ཡག་པོ་གཉེར་བ། ཕུལ་བྱུང་བརྩམས་ཆོས་ཕན་ཚུན་ཡིག་སྒྱུར་དང་གཏོང་རེས་དཔེ་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་ཨུའི་བརྙན་འཕྲིན་མཉམ་འབྲེལ་པར་ལེན་གྱི་གྲོས་མཐུན་མགྱོགས་མྱུར་འཇོག་པ་བཅས་བྱས་ཏེ། སྨྱན་སྦྱོར་གསར་པའི་མཉམ་ལས་དང་མཉམ་འདྲེས་བརྒྱུད་གཏོང་གི་རྣམ་གྲངས་དོན་འཁྱོལ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཅེས་བརྗོད་པ་རེད།