འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅༎ཀྲེ་ཅང་དབྱི་ཝུའུ་ནས་མིང་སི་ཁེ་བར་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་འདི་ལོའི་དུས་གཏན་མེ་འཁོར་ཨང་1000པ་དེ་ཐོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     2020ལོའི་ཟླ་10ཚེས་21ཉིན་རྒྱུན་སྤྱོད་དངོས་རྫས་དང་། འཁེལ་འཐག་རས་ཆ། རྩེད་ཆས་སོགས་ཚད་སྒམ་84བྱུར་བུར་བླུགས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར“དབྱི་ཤིན་ཡོབ་རྟགས་ཅན”(དབྱི་ཝུའུ་ནས་མིང་སི་ཁེ་བར)དབྱི་ཝུའི་བབས་ཚུགས་ནུབ་མ་ནས་ཐོན་འགོ་ཚུགས་ཤིང་། ནང་སོག་མན་ཀྲོའུ་ལི་འགག་སྒོ་བརྒྱུད་ཉིན་15ཡི་རྗེས་སུ་བྷེ་ཨུ་རུ་སུའི་རྒྱལ་ས་ཨེན་སི་ཁེར་འབྱོར་རྒྱུ་རེད། ཟླ་10ཚེས་21ཉིན་བར། ཀྲེ་ཅང་ཞིང་ཆེན་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཁྱོན་1000བཏང་བ་དང་། ཚད་སྒམ་ཁྲི་8.3དབོར་བ་དེ་དུས་མཚུངས་པ་ལས་203%འཕར་བ། དབོར་འདྲེན་བྱེད་ཚད་རྒྱལ་ཡོངས་ཀྱི་སྤྱིའི་བསྡོམས་འབོར་གྱི་10%ཟིན་པ། སྔོན་དཔག་བྱས་ན་ལོ་འཁོར་མོར་དུས་གཏན་མེ་འཁོར་1200ཙམ་གཏོང་ཐུབ་བཟོ་ཡོད།