འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅།།ཀྲུང་གོའི(ནུབ་རྒྱུད)མཐོ་གསར་ལག་རྩལ་ཐོན་ལས་དང་དངུལ་རྩའི་མ་རྩ་འབྲེལ་མཐུད་ཀྱི་སྐུལ་སྤེལ་
ཚོགས་འདུ་སྐབས་བདུན་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི(ནུབ་རྒྱུད)མཐོ་གསར་ལག་རྩལ་ཐོན་ལས་དང་དངུལ་རྩའི་མ་རྩ་འབྲེལ་མཐུད་ཀྱི་སྐུལ་སྤེལ་ཚོགས་འདུ་སྐབས་བདུན་པ་ཁྲེང་ཏུའུ་རུ་འགོ་ཚུགས་པ་རེད།
     ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི《2019ལོའི་སི་ཁྲོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ལོ་འཁོར་སྙན་ཞུ》ལས་མངོན་པར། སི་ཁྲོན་གྱི་གྲུབ་འབྲས་གཞན་སྒྱུར་དེ་ལས་གཙོ་གཅིག་སྣ་མང་གི་རྣམ་པ་ཞིག་ཐོན་པ་དང་། ཁྲེང་ཏུའུ་ཡིས་ལྟེ་བར་བྱས་པའི་གཅིག་འདུས་ཁུལ་གྲུབ་པ། ཏེ་དབྱང་དང་། མན་དབྱང་། ལེ་ཧྲན། དབྱི་པིན། སུའེ་ཉིང་། ཙེ་ཀོང་བཅས་ཀྱིས་འདེགས་སྐྱོར་གཙོ་བོར་བྱས་པའི་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་གྱི་རྣམ་པ་ཞིག་ཆགས་ཡོད། ཁྲེང་ཏུའུ་ཕིང་ཡོན་དཔལ་འབྱོར་ཁུལ་གྱི་ཚན་ཞིབ་གྲོན་དངུལ་འགན་ལེན་གང་ལེགས་ཐུབ་པ་དང་། གཞན་སྒྱུར་གྱི་ནུས་པ་མངོན་གསལ་དོད་པ། སྣེ་འདྲེན་གྱི་གནས་བབ་མངོན་གསལ་དོད་པ། ཚན་རྩལ་གྲུབ་འབྲས་ཀྱི་གྲངས་འབོར་གྱིས་སི་ཁྲོན་གྱི་84.7%ཟིན་པ། གྲུབ་འབྲས་གཞན་སྒྱུར་གྱི་གྲངས་འབོར་གྱིས་85.2%ཟིན་པ། གཞན་སྒྱུར་ཡོང་འབབ་ཀྱིས་74.2%ཟིན་ཡོད།