འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཁྱོན་ཡོངས་
ནས་ལེགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་རྒྱལ་གྱི་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། 2019ལོའི་ལོ་མཇུག་བར། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་གཏན་ལ་ཕབ་པའི་སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་9ཡི་ནང་ནས་8སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད།
    ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སྣོད་བཅུད་ཁོར་ཡུག་པུའི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིང་མིན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་པའི་ལོ་ལྔ་རེད་ལ། ད་བར་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཕྱིན་ཆེ་ཤོས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་བྱུང་ཡག་ཤོས་ཀྱི་ལོ་ལྔ་ཡང་རེད། མི་དམངས་མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་ཐད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཟམ་མི་ཆད་པར་ཕྱིན་ཡོད་ཅེས་བརྗོད་པ་རེད།
     དམིགས་ཚད་ཞིབ་ཕྲར་གཞིགས་ན། 2015ལོ་དང་བསྡུར་ན་2019ལོའི་རྒྱལ་ཡོངས་ཀྱི་ས་ངོས་ཀྱི་ཆུ་སྤུས་Ⅲརིགས་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པའི་བསྡུར་ཚད་བརྒྱ་ཆའི་གྲངས་8.9མཐོ་རུ་ཕྱིན་ནས་74.9%ཟིན་པ་དང་། ས་ངོས་ཀྱི་ཆུ་སྤུས་Vརིགས་ཀྱི་ཚད་གཞི་ལས་དམའ་བའི་བསྡུར་ཚད་བརྒྱ་ཆའི་གྲངས་6.3ཆག་ནས་3.4%ཟིན་པ། ཕྲ་རྡུལ(PM2.5)ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་ཚད་གཞིར་མ་སླེབས་པར་གར་ཚད་23.1%བར་ཆག་ནས་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་337གྱི་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་82%ཟིན་པ། རྫས་འགྱུར་དབྱང་མཁོ་ཚད་དང་། ཨན་ཏན། དབྱང་གཉིས་མུ་ཟི་འགྱུར། ཏན་དབྱང་འགྱུར་རྫས་བཅས་འབུད་འབོར་རིམ་རྩིས་བྱས་ན་11.5%དང་། 11.9% 22.5% 16.3%བཅས་སོ་སོར་ཆག་པ། རྩིས་ཚན་GDPརུ་བྱས་པའི་དབྱང་གཉིས་ཐཱན་འགྱུར་འབུད་འབོར་རིམ་རྩིས་བྱས་ན་18.2%ཆག་ཡོད།
ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཀྱི་ཚད་གཞི་ཕུད། དེ་བྱིངས་ཀྱི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་8ཚང་མ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་གཏན་ལ་ཕབ་པའི་དམིགས་ཚད་དུ་སླེབས་ཡོད།
ཁོང་གིས་ད་ཐེངས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ན། འདི་ལོའི་ལོ་མཇུག་ལ་སླེབས་སྐབས“ལོ་ལྔ་ཚན་བཅུ་གསུམ་པའི”སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འཆར་གཞིའི་ནང་གཏན་ལ་ཕབ་པའི་དམིགས་ཚད་དང་ལས་འགན་ཁག་སྔོན་དཔག་ལྟར་ཕྱོགས་ཡོངས་ནས་ལེགས་འགྲུབ་ཐུབ་རྒྱུ་ཡིན་ཞེས་བརྗོད་པ་རེད།