འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅།།ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འགོག་ཁབ་སྟེར་རྒྱུ་ཡིན་ཟེར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཚེས་21ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྲུང་གོ་ནི་“ཏོག་གསར་གློ་ཚད་འགོག་ཁབ་ལག་བསྟར་འཆར་གཞི”ཡི་རྒྱབ་སྐྱོར་བྱེད་མཁན་དཔལ་འབྱོར་དངོས་ཚན་ཆེ་ཤོས་ཡིན། ཀྲུང་གོ་“ལག་བསྟར་འཆར་གཞི”ནང་ཞུགས་ནས་རིམས་ནད་འགོག་ཁབ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐོབ་སླ་བའི་རང་བཞིན་དང་ཐེག་ཐུབ་པའི་རང་བཞིན་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པ་ཡིད་ཆེས་ཡོད། “ཀྲུང་གོས་ད་དུང་རྣམ་པ་འདྲ་མིན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དམིགས་སུ་བཀར་ནས་རིམས་ནད་འགོག་ཁབ་མཁོ་འདོན་བྱ་རྒྱུ་ཡིན་ཞིང་། ཞལ་འདེབས་དང་རིན་མི་དགོས་པར་རོགས་སྐྱོར་སོགས་འདུས་ཡོད”ཅེས་བསྟན། 
    ཀྲའོ་ལི་ཅན་གྱིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ་ཀྲུང་གོས“ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་འཆར་གཞི་ལག་བསྟར”ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཟླ་10ཚེས་8ཉིན། ཀྲུང་གོ་ནི་གོ་ལ་ཧྲིལ་པོ་དང་མཉམ་དུ་རིམས་འགོག་སྨན་ཁབ་ཀྱི་རིམས་འགོག་མནའ་འབྲེལ་དང་གྲོས་མཐུན་བཞག་ནས“ལག་བསྟར་འཆར་གཞིའི”ནང་དངོས་སུ་ཞུགས་པ་རེད། མིག་སྔར། ཀྲུང་གོ་ལ་ཏོག་གསར་གློ་ཚད་ནད་དུག་འགོག་ཁབ་སྨན་རིགས་4དུས་རིམ་Ⅲཔའི་ནད་ཐོག་ཚོད་ལྟ་དུས་རིམ་་ལ་སླེབས་ཡོད་པ་མ་ཟད། ད་དུང་ཐོན་སྐྱེད་འདང་ངེས་དང་རང་མཁོ་རང་སྤྲོད་ཀྱི་ནུས་པ་ལྡན་ཡོད་པས། “ལག་བསྟར་འཆར་གཞིའི”ནང་ཞུགས་རྒྱུ་ཐག་བཅད་པ་རེད། ཀྲུང་གོས་བྱེད་སྟངས་འདིའི་དམིགས་ཡུལ་ནི་བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་ནད་འགོག་ཁབ་བགོ་བཤའ་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འགོག་ཁབ་མཁོ་འདོན་བྱེད་པར་འགན་སྲུང་བྱེད་ཅིང་། དུས་མཚུངས་སུ་ནུས་པ་ཡོད་པའི་རྒྱལ་ཁབ་སྔར་བ་མང་པོ་ལ་“ལག་བསྟར་འཆར་གཞི”ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་པར་སྐུལ་ཁྲིད་བྱེད་རྒྱུ་དེ་རེད་ཅེས་བཤད། 
    ཚེས་19ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་བསྟན་དོན། མིག་སྔར་རྒྱལ་ཁབ་དང་ས་ཁུལ་184འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་དུ་མཉམ་ལས་རོགས་པས་གྲོས་འགོ་བཏོན་པའི“ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་ལག་བསྟར་འཆར་གཞི”ལ་ཞུགས་ཡོད། རྒྱལ་ཁབ་དེ་བས་མང་པོར་འདྲ་མཉམ་དང་ཕན་ནུས་ལྡན་པའི་ངང་ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་ཐོབ་པའི་རེ་བ་ཡོད་ཅེས་བསྟན། 
    ཀྲའོ་ལི་ཅན་གྱིས། དེ་དང་ཆབས་ཅིག ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཁེ་ལས་དག“ལག་བསྟར་འཆར་གཞིའི”ནང་ཞུགས་པ་དང་། འབྲེལ་ཡོད་གྲོས་འགོ་འདོན་མཁན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་རིམས་ནད་འགོག་ཁབ་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱས་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་གཞོགས་འདེགས་ཧུར་ཐག་བྱེད་བཞིན་ཡོད། ཀྲུང་གོའི་རིམས་འགོག་སྨན་ཁབ་ཁེ་ལས་མི་ཉུང་བ་ཞིག་གིས“ལག་བསྟར་འཆར་གཞིའི”གྲོས་འགོ་འདོན་མཁན་ཕྱོགས་ལ་འཆར་གཞི་དེའི་ནང་ཞུགས་འདོད་པའི་རྣམ་འགྱུར་བསྟན་ཡོད། ཕྱོགས་གཉིས་པོའི་ལག་རྩལ་རིགས་གཅིག་མཁས་པས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་། དཔང་དཔྱད། ལྟ་སྐུལ་དོ་དམ་སོགས་ཐད་ཀྱི་ལག་རྩལ་གྱི་ཚད་གཞིའི་ཐད་འབྲེལ་གཏུག་དམ་ཟབ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱ་རྒྱུ་དང་རིན་མེད་རོགས་སྐྱོར་བྱ་རྒྱུ་ཡིན།