འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅།།རང་རྒྱལ་གྱི་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་དུས་ཐེངས་གསུམ་པའི་ནད་ཐོག་
སྨན་བཅོས་ཚོད་ལྟ་ལེཌ་གྲུབ་ཟིན་ནས་མི་ཁྲི་6ལྷག་ཙམ་ལ་རིམས་འགོག་སྨན་ཁབ་བརྒྱབ་པ།

སྨན་ལོག་ཚབས་ཆེན་ཐེབས་པའི་སྙན་ཞུ་འབྱོར་མེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་ཚན་རྩལ་པུའི་སྤྱི་ཚོགས་འཕེལ་རྒྱས་ཚན་རྩལ་སིའི་སི་ཀྲང་གཞོན་པ་ཐན་པའོ་གོས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རང་རྒྱལ་དུས་ཐེངས་III(གསུམ་པ)ནད་ཐོག་སྨན་བཅོས་ཚོད་ལྟའི་དུས་མཚམས་སུ་སླེབས་པའི་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་4མིག་སྔའི་བར་ཚོད་ལྟ་དང་ལེན་བྱེད་མཁན་ཁྱོན་ཁྲི་6ལྷག་ཙམ་ལ་བརྒྱབ་པ་དང་། སྨན་ལོག་ཚབས་ཆེན་ཐེབས་པའི་སྙན་ཞུ་འབྱོར་མེད་ཅེས་བརྗོད་པ་རེད།
    དུས་ཐེངས་IIIནད་ཐོག་སྨན་བཅོས་ཚོད་ལྟའི་གྲུབ་འབྲས་ནི་རིམས་འགོག་སྨན་ཁབ་ཀྱི་སྲུང་སྐྱོང་ནུས་པར་རྒྱལ་སྤྱིའི་ཐོག་ཀུན་གྱིས་ཁས་བླངས་པའི་གོ་ཆོད་རང་བཞིན་གྱི་དམིགས་ཚད་ལ་ཞིབ་དཔྱད་ར་སྤྲོད་བྱས་པ་ཞིག་ཡིན་ཞིང་། ཐན་པའོ་གོས། རིམས་འགོག་སྨན་ཁབ་གང་འདྲ་ཞིག་ཡིན་རུང་ནད་ཐོག་སྨན་བཅོས་ཚོད་ལྟའི་དུས་མཚམས་སུ་ཡིན་ནའང་འདྲ། ཡང་ན་ཁྲོམ་རར་ཞུགས་རྗེས་གཞི་ཁྱོན་ཆེན་པོས་སྤྱོད་པའི་དུས་མཚམས་གང་ཞིག་ཡིན་རུང་། ཚང་མར་སྨན་ལོག་ཐེབས་ཤས་ཆེ། མིག་སྔར་དུས་ཐེངས་IIIནད་ཐོག་སྨན་བཅོས་ཚོད་ལྟའི་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་ལ་སྨན་ལོག་ཐེབས་ཤུགས་སྤྱིར་ན་ཆུང་ཆུང་ཡིན། དཔེར་ན་རིམས་འགོག་སྨན་ཁབ་རྒྱག་སར་ན་ཟུག་གཏོང་བ་དང་སྐྲངས་ནས་དམར་པོ་ཆགས་པ་དང་དེ་བཞིན་གནས་སྐབས་ཚ་བ་ཕྲན་བུ་རྒྱས་པ་དང་ཚ་བ་རྒྱས་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།