འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅༎གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་བ།
     མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་གནས་ཡིན་ལ། རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་བཀོད་སྒྲིག་བྱས་པའི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་བ་ཚོས་གད་སྙིགས་སྒྲུག་པ་དང་། རྩྭ་རར་སྲུང་སྐྱོང་། སྲོག་ཆགས་དང་རྔོན་རྒྱག་ལ་ལྟ་ཞིབ་བཅས་ཀྱི་ལས་འགན་འཁུར་གྱི་ཡོད། མི་མེད་ལུང་སྟོང་གི་གཙང་གསུམ་ཆུ་འགོའི་ཁུལ་དུ་སྣོད་བཅུད་སྲུང་སྐྱོང་བ་ཚོས་སྣོད་བཅུད་སྲུང་སྐྱོང་གི་མ་ལག་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད།
     འདི་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་གླིང་གི་མཚོ་སྐྱ་རེངས་ཤང་སྣོད་བཅུད་སྲུང་སྐྱོང་ས་ཚིགས་ཀླུ་ནག་གྲོང་ཚོའི་སྣོད་བཅུད་དོ་དམ་རུ་ཁག་གི་ཚོགས་ཆུང་བདུན་པའི་རུ་མིས་མཚོ་སྔོ་རེངས་འགྲམ་དུ་གད་སྙིགས་སྒྲུག་བཞིན་པ།