འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅༎མཱ་ཏི་སི་འཁྲུངས་ནས་ལོ་150འཁོར་བར་དྲན་གསོ་ཞུ་བའི་ཕྱིར་བལྟས་འགྲེམས་སྟོན་ཕེང་ཕི་ཏུའུ་
ལྟེ་གནས་སུ་གཉེར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཧྥ་རན་སེའི་རི་མོ་མཁས་ཅན་ཧེང་ལི·མཱ་ཏི་སི་འཁྲུངས་ནས་ལོ་150འཁོར་བར་དྲན་གསོ་ཞུ་ཆེད། 《མཱ་ཏི་སི་ནི་བརྩམས་སྒྲུང་ཞིག་དང་འདྲ》ཞེས་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཕྱིར་བལྟས་འགྲེམས་སྟོན་2020ལོའི་ཟླ་10ཚེས་21ཉིན་ནས་2021ལོའི་ཟླ་2ཚེས་22ཉིན་བར་ཧྥ་རན་སེའི་རྒྱལ་ས་ཕ་རི་སིར་གནས་པའི་ཕེང་ཕི་ཏུའུ་སྒྱུ་རྩལ་ལྟེ་གནས་སུ་གཉེར་རྒྱུ་ཡིན་པ་རེད། ཧེང་ལེ·མཱ་ཏི་སི་ནི་ཧྥ་རན་སེའི་སྐད་གྲགས་ཡོད་པའི་རི་མོ་མཁས་ཅན་དང་། འཇིམ་བརྐོས་མཁས་ཅན། བརྐོས་རིས་མཁས་ཅན། གཅན་གཟན་ལུགས་ཀྱི་སྲོལ་གཏོད་པ་དང་མཚོན་བྱེད་མི་སྣ་གཙོ་བོ་ཡིན།