འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅།།རྔ་བ་ཁུལ་གྱི་རི་སྐྱེས་ཀོ་ཤ་འདེབས་འཛུགས་ལག་རྩལ་ལ་ངོས་ལེན་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྔ་བ་ཁུལ་གྱི་རི་སྐྱེས་ཀོ་ཤ་འདེབས་འཛུགས་ལག་རྩལ་ལ་ངོས་ལེན་ཐོབ་པ།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན། རྔ་བ་ཁུལ་ཞིང་ལས་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་གིས་སྤེལ་བའི་གནས་འཕྲིན་ལྟར་ན། ཉེ་ཆར། ཞིབ་འཇུག་ཁང་དེ་དང་ཁྲེང་ཏུའུ་ཞིང་ནགས་ཚན་རིག་ཁང་གིས་མཉམ་ལས་འདེབས་འཛུགས་བྱས་པའི་རྔ་བ་ཁུལ་གྱི་རི་སྐྱེས་ཀོ་ཤ་བདེ་བླག་ངང་ཞིང་ཆེན་ལོ་ཏོག་ཆེད་མཁས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ལག་རྩལ་གསལ་འབྱེད་ངོས་ལེན་ཐོབ་ཅིང་། དེས་རྔ་བ་ཁུལ་དུ་རི་སྐྱེས་ཀོ་ཤ་ནི་མི་ཤུགས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ལ་རིགས་གཅིག་མཁས་པས་ཁས་བླངས་པ་མཚོན་ཡོད། 
   2011ལོ་ནས་འགོ་བརྩམས་ཏེ། རྔ་བ་ཁུལ་ཞིང་ལས་ཚན་རྩལ་ཁང་དང་ཁྲེང་ཏུའུ་གྲོང་ཁྱེར་ཞིང་ནགས་ཚན་རིག་ཁང་གཉིས་མཉམ་ལས་བྱས་ནས། ལོ་ངོ་བཅུ་ཙམ་ལ་རྔ་བའི་ཀོ་ཤ་དཀར་པོ་ལ་མི་ཤུགས་ལ་བརྟེན་ནས་འདེབས་འཛུགས་ཞིབ་འཇུག་བྱས་པ་རེད། 2020ལོར་གཟོད་ལག་རྩལ་གྱི་ཐད་ནས་འགག་སྒྲོལ་ཐོབ་པ་དང་། ཞིང་ཆེན་ལོ་ཏོག་ཆེད་མཁས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་ལག་རྩལ་གསལ་འབྱེད་བྱས་ནས་ངོས་ལེན་ཐོབ་པ་རེད། 
   “རྔ་བའི་ཀོ་ཤ་དཀར་པོའི་རིགས་ནི་རྔ་བ་ཁུལ་གྱི་ཁྱད་རྫས་ཤིག་ཡིན་ཞིང་ད་ལྟར་གཞི་རྒྱ་ཆེ་བའི་མི་ཤུགས་འདེབས་འཛུགས་བྱེད་པའི་ཀོ་ཤ་དམར་པོའི་རིགས་དང་གཏན་ནས་མི་འདྲ”ཞེས་རྔ་བ་ཁུལ་ཞིང་ལས་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་ལེའུ་ཀྲི་ཡོང་གིས་བཤད། ཚོད་ལྟ་ལས་བསྡོམས་རྩིས་བྱས་ན། ཤ་མོ་དེའི་རིགས་ནི་མི་ཤུགས་ལ་བརྟེན་ནས་འདེབས་འཛུགས་བྱེད་ཐུབ་ཚད་12%ཡས་མས་ཟིན་ཐུབ་ཅིང་། དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པོ་ཡོད་པས། རྗེས་སུ་གཞི་རྒྱ་ཆེན་པོས་ཁྱབ་གདལ་གཏོང་བར་རྨང་གཞི་བཏིང་ཡོད། 
༄༅།།རྔ་བ་ཁུལ་གྱི་རི་སྐྱེས་ཀོ་ཤ་འདེབས་འཛུགས་ལག་རྩལ་ལ་ངོས་ལེན་ཐོབ་པ།
༄༅།།རྔ་བ་ཁུལ་གྱི་རི་སྐྱེས་ཀོ་ཤ་འདེབས་འཛུགས་ལག་རྩལ་ལ་ངོས་ལེན་ཐོབ་པ།