འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅༎མཐོ་སྒང་གི་བྱ་འབོད་མཁན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ལྕགས་གད་ཀྱི་བྱ་གྲགས་ཅན་བྱ་ཝང་དཀར་པོ།
ལྕགས་གད་ཀྱི་བྱ་གྲགས་ཅན་བྱ་ཝང་དཀར་པོ།
     མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཉིན་རེའི་ཚགས་པར་ཁང་ནས་གློག་འཕྲིན་འབྱོར་གསལ། ད་ལོའི་རྒྱལ་སྟོན་གོང་གི་ཞོགས་པ་ཞིག་ལ། ཉི་མ་ལ་འགོ་ནས་ཤར་མ་ཐག་ཁ་ཤུ་རྒྱག་པའི་སྒྲ་ཞིག་དར་རྩེ་མདོ་གྲོང་ཁྱེར་གཡག་རྭ་ཤང་བུ་རྗེ་ཚ་ཆུ་གྲོང་ཚོའི་ཉེ་འགྲམ་གྱི་ནགས་ཁྲོད་ནས་གྲགས་བྱུང་། ཅུང་མ་འགོར་བར། ཚོན་མདངས་རྣམ་པར་བཀྲ་བའི་བྱ་ཏི་ཕུ་ཞིག་ནགས་ཚལ་ནས་ཐོན་བྱུང་། “ལྟོས་དང་། ཐོན་བྱུང་། མཛེས་སྡུག་ལྡན་པའི་བྱ་ཕོ་ཆེན་པོ་རེད”ཅེས་ལོ་ན་བགྲེས་པའི་ལེའོ་ཁང་ལིན་གྱིས་སྐད་དམའ་མོས་བཤད། ཁོས་བཤད་པའི་བྱ་ཕོ་ཆེན་མོ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་གསེར་བྱ་ལྟོ་དཀར་རེད།
     ལོ་བཅུ་ལྷག་ཙམ་གྱི་གོང་ལ། ཐག་རིང་སྐྱེལ་འདྲེན་གྱི་ལས་ལ་གཞོལ་བའི་ལེའོ་ཁང་ལིན་གྱིས་རྟག་ཏུ་རང་ཁྱིམ་གྱི་རི་འདབས་སུ་མཛེས་སྡུག་ལྡན་པའི་བྱ་ཏི་ཕུ་དེ་མཐོང་གི་ཡོད། “སྐབས་དེར། བྱ་དེས་མི་མཐོང་མ་ཐག་བྲོས་སོང་ལ། དེར་རྟག་ཏུ་རྔོན་རྒྱག་གི་ཡང་ཡོད།” ཐག་རིང་འཁོར་ལོ་གཏོང་ཞོར་དུ། ལེའོ་ལགས་ཀྱིས་ནགས་ཚལ་དང་སྒོ་རའི་རྒྱབ་ཏུ་གྲོ་རྡོག་འགའ་གཏོར་བ་མ་ཟད། ད་དུང་བྱ་སྲུང་བ་དང་བྱ་འབོད་པའི་ནུས་པ་ཞིག་ཀྱང་སྦྱངས་བ་རེད། རྒྱལ་ཡོངས་ས་གནས་ཁག་གི་འདབ་ཆགས་ལ་ལྟ་བ་དང་འདབ་ཆགས་པར་རྒྱག་པར་དགའ་པོ་བྱེད་མཁན་རྣམས་ཀྱིས་སྐད་གྲགས་གོ་ནས་ཡོང་བ་རེད། ལེའོ་ལགས་ཀྱི་ཁང་པ་རྒྱབ་ཀྱི་ནགས་ཚལ་དེ་རྒྱལ་ཡོངས་ཀྱི་གསེར་བྱ་ལྟོ་དཀར་ལ་ལྟ་ཞིབ་དང་པར་ལེན་བྱེད་ས་སྔ་ཤོས་ཀྱི་གྲས་ཤིག་ཏུ་གྱུར།
     ན་ནིང་ཟླ་7པར། དར་རྩེ་མདོ་གྲོང་ཁྱེར་གྱིས་ལེའོ་ལགས་ཀྱི་གསེར་བྱ་ལྟོ་དཀར་པར་ལེན་ས་ནས་དར་རྩེ་མདོ་ཡི་དངུལ་བྱ་རི་ཐང་པར་ལེན་རྟེན་གཞིའི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ལེའོ་ལགས་ཀྱིས་ཁང་ས་ཕྱིར་གླས་ནས་ཡུལ་མིའི་སྡོད་ཁང་གི་རྣམ་གྲངས་གཉེར་བ་རེད། རང་ཉིད་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་འདབ་ཆགས་འཁྲབ་ཁྲིད་པ་བྱས་ནས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འདབ་ཆགས་ལ་ལྟ་བ་དང་འདབ་ཆགས་པར་རྒྱག་པར་དགའ་པོ་བྱེད་མཁན་ཚོར་སྣེ་ལེན་ཞུས་པ་རེད།
     ད་ལོའི་ཟླ་3ཚེས་20ཉིན། དཀར་མཛེས་ཁུལ་གྱི་རི་སྐྱེས་འདབ་ཆགས་རིགས་ཀྱི་པར་ལེན་རྟེན་གཞི་ཐོག་མ་སྟེ་དར་རྩེ་མདོ་དངུལ་བྱ་རི་ཐང་པར་ལེན་རྟེན་གཞི་བུ་རྗེ་ཚ་ཆུ་གྲོང་ཚོར་སྒོ་ཕྱེ་བ་རེད། བུ་རྗེ་ཚ་ཆུ་གྲོང་ཚོའི་ཉེ་འགྲམ་དུ་གསེར་བྱ་དང་། ཁྲག་བྱ། ས་མཐོའི་སྲེག་པ་སོགས་བྱ་རིགས་བརྒྱ་ཙམ་འཚོ་སྡོད་བྱེད་ཀྱི་ཡོད། གསེར་བྱ་ལྟོ་དཀར་གྱི་ཁྱུ་ཚོགས་གྲངས་འབོར་བརྒྱ་ལྷག་ཟིན་ཡོད། ད་ལྟ། དར་རྩེ་མདོ་གཡག་རྭ་ཤང་དང་ལྕགས་གད་གྲོང་རྡལ་དུའང་འདབ་ཆགས་ལ་ལྟ་བ་དང་འདབ་ཆགས་པར་རྒྱག་པའི་རྟེན་གཞི་མང་པོ་ཡོད་ལ། “ལེའོ་ལགས་ཚོ”ཡང་དར་རྩེ་མདོ་ཡིས་རི་ཐང་པར་ལེན་རྟེན་གཞི་འཕེལ་རྒྱས་བྱེད་པ་དེ་སྣོད་བཅུད་སྲུང་སྐྱོང་དང་ཡུལ་སྐོར་གསར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ཡུལ་སྐོར་ལས་རྣམ་གསར་པའི་ཕན་པ་ཐོབ་མཁན་དུ་གྱུར་ཡོད།
【1】  【2】
རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་གསེར་བྱ་ལྟོ་དཀར།
རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་གསེར་བྱ་ལྟོ་དཀར།