འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅༎དབུལ་སྒྲོལ་ཐོན་རྫས་བྲིན་ཁ་རྒྱུག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎དབུལ་སྒྲོལ་ཐོན་རྫས་བྲིན་ཁ་རྒྱུག་པ།
     ཟླ་10ཚེས་16ཉིན་ནས་བཟུང་། སྐབས་གསུམ་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྱད་ལྡན་དངོས་རྫས་འགྲེམས་ཚོང་འདུ་ཚོགས་དུས་བཀག་བཞིན་ཧྲང་ཧའེ་རུ་འཚོགས་པ་རེད།
     སྐབས་འདིའི་འགྲེམས་ཚོང་འདུ་ཚོགས་ནི“གནད་སྨིན་དབུལ་སྐྱོར་ལ་དམིགས་པ་དང་། ཧྲང་ཧའེ་ཡི་དངོས་ཟོག་ཕུན་སུམ་ཚོགས་སུ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། འགྲེམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1.5ཟིན་པར་ཁེ་ལས་ཁྱོན་500ལྷག་ཙམ་ཞུགས་ཡོད།
     ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུན་ནན་དང་། ཤིན་ཅང་། བོད་ལྗོངས། མཚོ་སྔོན། ཀུའེ་ཀྲོའུ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བདུན་གྱི་ཁེ་ལས་ཀྱིས་གཅིག་སྡུད་ཐོག་ཁྱད་ལྡན་དངོས་ཟོག་སྣ་ཁ་ཁྲི་ལྷག་ཙམ་འགྲེམས་སྟོན་བྱས་ཤིང་། འདི་ནི་འགྲེམས་སྟོན་འདུ་ཚོགས་ལ་ཞུགས་མཁན་ཡིན་པ།