འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅༎བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་གཞོན་པ་ཡུམ་སྐྱབས་ལ་
སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་དོན། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་གཞོན་པ་ཡུམ་སྐྱབས་ཀྱིས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལས་ཚབས་ཆེན་འགལ་བའི་དོགས་གཞི་ཡོད་སྟབས། མིག་སྔར། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
    ཡུམ་སྐྱབས་ཀྱི་ལོ་རྒྱུས་མདོར་བསྡུས།
     ཡུམ་སྐྱབས། ཕོ། བོད་རིགས། 1969ལོའི་ཟླ་9པར་སྐྱེས། ཡུན་ནན་བདེ་ཆེན་བ། 1989ལོའི་ཟླ་1པོར་ཏང་ལ་ཞུགས། 1986ལོའི་ཟླ་1པོར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
     1986ལོའི་ཟླ་1པོ་ནས་1993ལོའི་ཟླ་5པ་བར། བོད་རང་སྐྱོང་ལྗོངས་བྲག་གཡབ་རྫོང་མི་དམངས་ཁྲིམས་ཁང་དུ་ལས་ཀ་བྱས།
     1993ལོའི་ཟླ་5པ་ནས་1994ལོའི་ཟླ་3པ་བར། བོད་རང་སྐྱོང་ལྗོངས་བྲག་གཡབ་རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་བྱས།
     1994ལོའི་ཟླ་3པ་ནས་1995ལོའི་ཟླ་6པ་བར། བོད་རང་སྐྱོང་ལྗོངས་བྲག་གཡབ་རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ(ཁོའོ་རིམ་པ་རྒན་པ)བྱས།
     1995ལོའི་ཟླ་6པ་ནས་1997ལོའི་ཟླ་11པ་བར། བོད་རང་སྐྱོང་ལྗོངས་བྲག་གཡབ་རྫོང་འཆར་གཞི་ཨུ་ལྷན་གྱི་ཀྲུའུ་རེན་བྱས།
     1997ལོའི་ཟླ་11པ་ནས་2001ལོའི་ཟླ་11པ་བར། བོད་རང་སྐྱོང་ལྗོངས་བྲག་གཡབ་རྫོང་གི་རྫོང་དཔོན་གཞོན་པ་བྱས།
     2001ལོའི་ཟླ་11པ་ནས་2002ལོའི་ཟླ་11པ་བར། བོད་རང་སྐྱོང་ལྗོངས་རི་བོ་ཆེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།
     2002ལོའི་ཟླ་11པ་ནས་2006ལོའི་ཟླ་12པ་བར། བོད་རང་སྐྱོང་ལྗོངས་རི་བོ་ཆེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བྱས།
     2006ལོའི་ཟླ་12པ་ནས་2010ལོའི་ཟླ་7པ་བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་བྱས།
     2010ལོའི་ཟླ་7པ་ནས་2011ལོའི་ཟླ་5པ་བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་དང་སྨར་ཁམས་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས།
     2011ལོའི་ཟླ་5པ་ནས་2012ལོའི་ཟླ་4པ་བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་བྱས།
     2012ལོའི་ཟླ་4པ་ནས་2012ལོའི་ཟླ་12པ་བར། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ། ལྗོངས་ལྕགས་ལམ་གཞུང་ལས་ཁང་གི་ཀྲུའུ་རེན་བྱས།
     2012ལོའི་ཟླ་12པ་ནས་2014ལོའི་ཟླ་2པ་བར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཨུད་ཀྱི་ཨུ་ཡོན་དང་སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པ་བྱས།
     2014ལོའི་ཟླ་2པ་ནས་2015ལོའི་ཟླ་6པ་བར། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གཞོན་པ་བྱས།
     2015ལོའི་ཟླ་6པ་ནས་2017ལོའི་ཟླ་5པ་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཐིང་ཀྲང་གཞོན་པ(ཐིང་རིམ་པ་རྒན་པ)བྱས།
     2017ལོའི་ཟླ་5པ་ནས་2020ལོའི་ཟླ་5པ་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་བྱས།
     2020ལོའི་ཟླ་5པ་ནས་ད་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་བྱས།