འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་མི་ཚང་མར་རྒྱུན་མཐུད་ཆོག་པ་དང་བདེ་ཐང་གི་བཟའ་བཏུང་
མཁོ་འདོན་བྱེད་དགོས་པའི་འབོད་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་འཛམ་གླིང་འབྲུ་རིགས་ཉིན་མོར་ཤིས་ཚིག་གསུང་སྐབས། ངེས་པར་དུ་མི་ཚང་མར་རྒྱུན་མཐུད་ཆོག་པ་དང་བདེ་ཐང་གི་བཟང་བཏུང་མཁོ་འདོན་བྱེད་དགོས་པ་མ་ཟད། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བཟའ་བཅའ་འཕྲོ་བརླག་ཉུང་ཙམ་གཏོང་དགོས་ཞེས་བརྗོད།
     ཀུ་ཐེ་ལེ་སིས“དངོས་པོའི་རྒྱུ་ནོར་འབེལ་བའི་འཛམ་བུ་གླིང་དུ་དགོང་ལྟར་མི་དུང་ཕྱུར་མང་པོ་ཞིག་གྲོད་པ་ལྟོགས་པར་གཉིད་ལ་ཡུར་གྱི་ཡོད་པ་དེ་ནི་ཟུར་ཟ་ཆེན་པོ་ཞིག་ཡིན་པ་གདོན་མི་ཟ”ཞེས་བརྗོད།
     ཁོང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་དབང་གིས་འབྲུ་རིགས་ཀྱི་ཉེན་ཁ་ཇེ་ཆེར་སོང་ནས་ལོ་བཅུ་གྲངས་ནང་མཐོང་དཀོན་པའི་ཚད་དུ་སླེབས་ཡོད། མིག་སྔར་འཛམ་གླིང་ཐོག་མི་དུང་ཕྱུར་6.9ལྟོས་གྲོད་པ་མི་རྒྱགས་པ་དང་། འདི་ལོའི་ལོ་མཇུག་བར། མི་དུང་ཕྱུར་1.3ཙམ་བཀྲེས་ལྟོགས་ཀྱིས་མནར་སྲིད། དེ་དང་ཆབས་ཅིག་མི་དུང་ཕྱུར་30ལྷག་ཙམ་གྱིས་བདེ་ཐང་བཟའ་བཏུང་ལོངས་སུ་སྤྱོད་ཐུབ་ཀྱི་མེད་ཅེས་བརྗོད།
     ཀུ་ཐེ་ལེ་སིས“མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་བཙུགས་ནས་ལོ་75འཁོར་བར་དྲན་གསོ་ཞུ་བའི་སྐབས་སུ། ང་ཚོས་འབད་བརྩོན་ཆེན་པོས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས། ཕུགས་འདུན་དེ་འགྲུབ་པ་ཡིན་ན། འབྱུང་འགྱུར་མི་ཚང་མ་ས་ཆ་གང་དུ་ཡོད་ནའང་ཚང་མར་ཟ་མ་ཟ་རྒྱུ་ཡོད”ཅེས་བརྗོད།
     ཀུ་ཐེ་ལེ་སིས་བསྟན་དོན། སང་ལོར་འབྲུ་རིགས་ཁོངས་གཏོགས་ཀྱི་འགོ་གཙོའི་ཚོགས་འདུ་ཞིག་འཚོགས་ནས་ཕུགས་འདུན་དེ་མངོན་འགྱུར་ཡོང་བར་བྱ་སྤྱོད་སྤེལ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན། “ང་ཚོར་འབྲུ་རིགས་ཁོངས་གཏོགས་ཉེན་ཁ་འགོག་པ་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ལྡན་དགོས”
     ཟླ་10ཚེས་16ཉིན་ནི་འཛམ་གླིང་འབྲུ་རིགས་ཉིན་མོ་ཡིན་ཞིང་། ཉིན་དེར་འཛམ་གླིང་རྒྱལ་ཁབ་ཁག་གིས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པའི་ལོ་དེའི་བརྗོད་དོན་གཙོ་བོར་དམིགས་ནས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་འདི་ལོ་གོ་ལ་ཧྲིལ་པོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“མཉམ་དུ་འཚར་ལོངས་དང་། ཐུན་མོང་དར་རྒྱས། ཐུན་མོང་རྒྱུན་མཐུད་བཅས་ཡོང་བར་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་འབྱུང་འགྱུར་གཏོད་དགོས་པ”དེ་རེད།