འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅༎རི་པིན་གྱིས་ཕུ་བརྒྱབ་ནས་ཏོག་དབྱིབས་ནད་དུག་གསར་པ་བརྟག་དཔྱད་ཚད་ལེན་གྱི་མ་ལག་ཞིབ་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རི་པིན་བྱང་ཤར་སློབ་ཆེན་གྱིས་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་ནས་སློབ་ཆེན་དེ་ཞུགས་པའི་ཞིབ་འཇུག་ཚོགས་ཆུང་ཞིག་གིས་ཕུ་བརྒྱབ་ནས་ཏོག་དབྱིབས་ནད་དུག་གསར་པ་བརྟག་དཔྱད་ཚད་ལེན་མ་ལག་ཅིག་ཞིབ་སྤེལ་ཐུབ་ནས་ཆུ་ཚོད་གཅིག་ནང་ཏོག་དབྱིབས་ནད་དུག་གསར་པ་འགོས་ཡོད་མེད་མགྱོགས་མྱུར་བརྟག་དཔྱད་ཚད་ལེན་བྱེད་ཐུབ། མ་ལག་དེས་ཆམ་རིམས་ནད་དུག་སོགས་ནད་ཀྱི་འབྱུང་རྩ་བརྟག་དཔྱད་ཚད་ལེན་བྱེད་ཐུབ་ཅེས་བརྗོད་པ་རེད།
     ཏོག་དབྱིབས་ནད་དུག་གསར་པ་བརྟག་དཔྱད་ཚད་ལེན་བྱེད་ཐུབ་པ་ཕུད། མ་ལག་དེས་ད་དུང་ཆམ་རིམས་ནད་དུག་དང་། དབུགས་ལམ་ཧོ་པའོ་ནད་དུག་དང་ནད་ཀྱི་འབྱུང་རྩ་སྣ་ཚོགས་བརྟག་དཔྱད་ཚད་ལེན་བྱེད་ཐུབ་ཀྱི་ཡོད་ཅིང་། ཞིབ་འཇུག་ཚོགས་ཆུང་དེས་ད་དུང་མ་ལག་དེར་ནད་ཐོག་ཉེར་སྤྱོད་ཞིབ་འཇུག་བྱེད་བཞིན་ཡོད།