འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅༎ཞིབ་འཇུག་འབྲས་བུ་ལས་མངོན་པར། ཏོག་དབྱིབས་ནད་དུག་གསར་པ་མིའི་པགས་པའི་
ངོས་སུ་དུས་ཡུན་ཆུ་ཚོད་9ཙམ་གསོན་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རི་པིན་གྱི་ཞིབ་འཇུག་མི་སྣར་ཤེས་རྟོགས་བྱུང་བར། ཏོག་དབྱིབས་ནད་དུག་གསར་པ་དེ་མིའི་པགས་པའི་ཐོག་དུས་ཡུན་ཆུ་ཚོད་9ཙམ་གསོན་ཐུབ་པ་དེ་ཆམ་རིམས་ནད་དུག་གི་ལྡབ་5ཡིན་པ་རེད། ཧྥ་རན་སེ་གསར་འགྱུར་ཁང་གིས་ཚེས་18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཞིབ་འཇུག་བྱས་འབྲས་གསར་ཤོས་དེ་ཟླ་འདིར《ནད་ཐོག་སྨན་བཅོས་ཀྱི་འགོ་ནད》ཅེས་པའི་དུས་དེབ་ཐོག་བཏོན་ཡོད་པ་རེད། རི་པིན་ཞིབ་འཇུག་ཚོགས་པས་ཉིན་གཅིག་གོང་གྲོངས་པའི་སྐུ་ཕུང་གི་གཤགས་དཔྱད་མ་དཔེའི་ཁྲོད་ནས་སྐྱི་པགས་བདམས་ཏེ་ཚོད་ལྟ་བྱས་པར་ཆམ་རིམས་སློང་བའི་ནད་དུག་དེ་མིའི་པགས་པའི་ངོས་སུ་ཕལ་ཆེར་ཆུ་ཚོད་1.8ཙམ་གསོན་ཐུབ་པ་དང་། ཏོག་དབྱིབས་ནད་དུག་གསར་པ་དེ་མིའི་པགས་པའི་ངོས་སུ་ཆུ་ཚོད་དགུ་ཙམ་གསོན་ཐུབ་ཀྱི་ཡོད་པ་རེད།
     ཏོག་གསར་གློ་ཚད་རིམས་ནད་བསྐྱར་དུ་ཐོན་པར་བརྟེན། ཚེས་18ཉིན་སུའེ་ཙེར་སྲིད་གཞུང་གིས་དམིགས་བསལ་ཚོགས་འདུ་འཚོགས་རྗེས་ཚེས་19ཉིན་ནས་བཟུང་སྤྱི་པའི་འདུ་གནས་སུ་མི་15ཡན་གྱི་འདུ་འཛོམས་བྱེད་མི་ཆོག་པ་དང་། དམངས་ཚོགས་ཀྱིས་ཁང་པའི་ནང་གི་སྤྱི་པའི་འདུ་གནས་སུ་ངེས་པར་དུ་ཁ་རས་རྒྱག་དགོས་པ། མི་15ཡན་མི་སྒེར་གྱི་གནས་ཡུལ་དུ་འདུ་འཛོམས་བྱེད་སྐབས་མི་ཚང་མས་ངེས་པར་དུ་ཁ་རས་རྒྱག་དགོས་པའི་བཀའ་རྒྱ་བཏང་ཡོད་ལ་ཁྱིམ་དུ་གཞུང་ལས་སྒྲུབ་རྒྱུའི་གྲོས་འགོ་ཡང་བཏོན་ཡོད།
     ཧན་གོ་སྲིད་གཞུང་གིས་ཚེས་18ཉིན་ར་སྤྲོད་བྱས་དོན། ཟླ་འདིའི་ཟླ་མཇུག་ཏུ་མང་ཚོགས་ཁྲི་1000ལྷག་ཙམ་ལ་བཟའ་བཏུང་དང་། འགྲེམས་སྟོན། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་འཛད་སྤྱོད་སྤ་སེ་གཅིག་རྗེས་གཉིས་མཐུད་ངང་སྤྲད་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྐྱེན་པས་ཉམས་ཞན་དུ་སོང་བའི་ནང་མཁོ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།