འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅།།པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་ཡན་ཆིང་འགྲན་ཁུལ་གྱི་སྣོད་བཅུད་སླར་གསོ་ཐུབ་ཚད་བརྒྱ་ཆ་བརྒྱད་
ཅུ་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་པེ་ཅིང་གྲོང་ཁྱེར་གྱི་རྣམ་གྲངས་གལ་ཆེན་བཀོད་འདོམས་པུའི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཡན་ཆིང་འགྲན་ཁུལ་གྱི་སྣོད་བཅུད་སླར་གསོའི་ལས་འགན་ལེགས་སྒྲུབ་བྱེད་ཚད་བསྡོམས་འབོར་གྱི་77.09%ཟིན་པ་དང་། སྔོན་དཔག་ལྟར་ན་སང་ལོའི་དབྱར་དུས་སུ་ཚང་མ་ལས་མཇུག་འགྲིལ་རྒྱུ་རེད།
    ལྗང་མདོག་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་བཞིའི་གྲས་ཀྱི་ཨང་དང་པོ་དེ་ཡིན། དེ་ནི་ཀྲུང་གོས་བརྗིད་ཆེའི་ཁས་ལེན་དོན་འཁྱོལ་བྱས་པ་ཞིག་རེད་ལ། འཛམ་གླིང་ལ་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པའི་ཆོད་སེམས་དང་ཡིད་ཆེས་མངོན་པ་ཞིག་ཀྱང་རེད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཁུལ་ཆེན་པོ་གསུམ་གྱི་གྲས་ཡིན་པའི་ཡན་ཆིང་འགྲན་ཁུལ་གྱིས“ནགས་རིའི་འགྲན་ར་དང་སྣོད་བཅུད་དགུན་དུས་ཨོ་རྩལ”གྱི་ལྟེ་བའི་ཇུས་འགོད་འདུ་ཤེས་ཀྱི་རྒྱུན་བསྐྱངས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་འགྲན་ར་དང་ཧའེ་ཐོ་ཧྲན་རི་བོ་མཉམ་འདྲེས་ཟབ་མོའི་རང་བྱུང་མཛེས་ལྗོངས་ཤིག་སྐྲུན་གང་ཐུབ་བྱས་ཡོད།
    “སྣོད་བཅུད་སླར་གསོ་ནི་འགྲན་ཁུལ་འཛུགས་སྐྲུན་བྱེད་སྐབས་གཏོར་སྐྱོན་ཕོག་པའི་སྔོ་ཁེབས་སླར་གསོ་དང་སྔོན་ཆད་བཞིན་ཡོང་བ་བྱེད་རྒྱུ་དེ་ཡིན”པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ཁོར་ཡུག་སྲུང་སྐྱོང་དང་དེ་བཞིན་རྒྱུན་མཐུད་འཕེལ་རྒྱས་ལས་དོན་ཚོགས་ཆུང་གི་སྤྱི་ཁྱབ་ལྟ་ཞིབ་པ་ལེང་ཏེ་ཏུང་གིས། ཡན་ཆིང་འགྲན་ཁུལ་གྱིས་སྣོད་བཅུད་སླར་གསོའི་ལས་དོན་མ་སྤེལ་སྔོན་ལ་ས་ངོས་བརྐོ་བ་དང་བསྡུ་རུབ་ལས་དོན་སྤེལ་ཡོད། ས་ངོས་ལ་སྐྱེ་ལྡན་དངོས་པོ་མང་པོ་འདུས་པ་དང་། སྐྱེ་དངོས་སྐྱེ་འཚར་ལ་ཕན་པའི་སྐྱེ་དངོས་ཕྲ་རབ་ཀྱི་ཁྱུ་ཚོ་འདུས་པ། མྱུ་གུ་འབུས་སྲིད་པའི་ས་བོན་སོགས་ཡོད། སྣོད་བཅུད་སླར་གསོ་བྱེད་སྐབས་ས་ངོས་དེ་དག་སླར་གསོའི་ཁྱབ་ཁོངས་སུ་བསྐྱར་དུ་བཤོས་ན་ས་གནས་དེ་གའི་སྣོད་བཅུད་མ་ལག་སླར་གསོ་བྱེད་མགྱོགས་སུ་འགྲོ་གི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།